68860

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་གུང་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ས་སྦྲུལ་ཕྱི་ལོ ༡༥༠༩ ལོར་འབྲི་གུང་གཞུ་སྟོད་དུ་ཡབ་རྗེ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། དགུང་ལོ་ལྔ་པར་སྐྱུ་རའི་གདུང་བརྒྱུད་ཡིན་མིན་རྩོད་པ་བུད། སྐུ་འཁོར་འགའ་དང་བཅས་ཡར་ཀླུང་ཕྱོགས་སུ་ཕེབས། མཁན་ཆེན་བསོད་ནམས་བཀྲ་ཤིས་ལས་དབང་ལུང་མན་ངག་མང་དུ་གསན། བརྒྱད་པར་ཞྭ་དམར་ཆོས་ཀྱི་གྲགས་པ་ལས་རབ་ཏུ་བྱུང་བ། མཚན་ལ་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ཞེས་གསོལ། ཞྭ་དམར་བ་སོགས་བསྟེན། གསར་རྙིང་གི་ཆོས་སྐོར་རིག་གནས་དངབཅས་ལ་མཁས་པར་སྦྱངས། བཅུ་དྲུག་པར་འབྲི་གུང་དུ་ཕེབས། སྔར་གྱི་རྩོད་པ་ཞི་བར་གྱུར། འབྲི་གུང་ཀུན་དགའ་རིན་ཆེན་ལས་བཀའ་བརྒྱུད་གོང་མའི་ཆོས་སྐོར་མ་ལུས་མནོས། ཉི་ཤུ་པར་མཁན་ཆེན་གྲགས་པ་རྒྱལ་མཚན་དང་། སློབ་དཔོན་བསོད་ནམས་དཔལ་བཟང་། གསང་སྟོན་གྲུབ་ཆེན་ཚེ་འཕེལ་བཟང་པོ་སོགས་ལས་བསྙེན་པར་རྫོགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲིར་བཞུགས། ཆོས་སྲིད་གཉིས་ཀྱིས་གདན་ས་བསྐྱངས། ཉེར་བཞི་པར་རྒྱ་ནག་གོང་མ་ཡུང་ལོ་རྒྱལ་པོས་ཝང་གི་ཆོ་ལོ་དང་འཇའ་ས་ཕུལ། ཉེར་དྲུག་པ་ནས་ཡངས་རི་སྒར་སོགས་སྒྲུབ་སྡེ་བརྒྱད་ཙམ་བཏབ། དགེ་འདུན་པ་རྣམས་ལ་མཐུན་རྐྱེན་སྦྱར། སུམ་ཅུ་པར་རིག་འཛིན་བདུད་འཇོམས་རྡོ་རྗེ་དང་། རྒྱ་མ་མི་འགྱུར་ཀུན་དགའ་དཔལ་བཟང་། མངའ་རིས་པཎ་ཆེན་སོགས་ལས་བཀའ་བརྒྱད་བདེ་འདུས་བཅས་གསང་སྔགས་རྙིང་མའི་ཆོས་སྐོར་གསན། བསྟན་པ་གཉིས་ལྡན་གྱི་བདག་པོར་གྱུར། རིག་འཛིན་བུ་ཁྲིད་ཡུམ་དུ་བཞེས། རིགས་སྲས་ཆོས་རྒྱལ་ཕུན་ཚོགས་འཁྲུངས། འབྲི་གུང་དུ་གཙུག་ལག་ཁང་ཞིག་གསོས་དང་། བཀའ་བསྟན་གཙོས་རྟེན་གསུམ་མང་དུ་བཞེངས། དབུས་གཙང་སྟོད་སྨད་ཀུན་ལ་ཕེབས། ཆོས་འཁོར་བསྐོར། དབུས་གཙང་དུས་ཟིང་སྐབས་ཆིངས་མཛད། ཞེ་དགུ་པ་རབ་བྱུང་དགུ་པའི་མེ་སྦྲུལ་ཕྱི་ལོ ༡༥༥༧ ལོར་རྒྱ་མ་ཁྲི་ཁང་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་དྲུག་པ་ཡིན། སློབ་མ་གཙོ་བོ་ནི་རིན་ཆེན་རྣམ་རྒྱལ་དང་། པཎ་ཆེན་རིན་ཆེན་བསོད་ནམས་དཔལ་གྱི་རྒྱ་མཚོ། དྲུང་ཆེན་བྱམས་པ་ཆོས་ཀྱི་རྒྱལ་མཚན། དྲུང་པ་རིན་ཆེན་དཔལ། བླ་མ་ཆོས་སྐྱོང་རིན་ཆེན། བྱ་བཏང་རྡོ་རྗེ་དཔལ་འབར། མཁས་གྲུབ་བྱམས་པ་དཔལ་བ། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ་བཅས་མང་དུ་བྱོན།

{{#arraymap:འབྲི་གུང་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་

|; |@@@ | | }}