68861
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་དགུ་པའི་མེ་ཕག་ཕྱི་ལོ ༡༥༥༢༧ ལོར་ལྷ་པོ་སྟོད་དུ་ཡབ་བྱམས་པ་ཆོས་ཀྱི་རྒྱལ་མཚན་ལེགས་ལྡན་དཔལ་བཟང་དང་། ཡུམ་སྐྱིད་ཤོད་བཟའ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། བྱིས་དུས་ཀྱི་མཚན་ལ་རིན་ཆེན་དབང་གི་རྒྱལ་པོ་ཞེས་ཞུ། དགུང་ལོ་བདུན་པར་ཁུ་བོ་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ལས་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་མནོས། མཚན་ལ་རིན་ཆེན་བསོད་ནམས་དཔལ་གྱི་རྒྱ་མཚོ་ཞེས་གསོལ། ཀརྨ་པ་ཡབ་སྲས་དང་། དཔའ་བོ་གཙུག་ལག་ཕྲེང་བ། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་ལས་འཕྲོ་གླིང་པ། ཇོ་གདན་འོད་གསལ་ཀློང་ཡངས་སོགས་ལས་མདོ་སྔགས་རིག་གནས་དང་། བཀའ་རྙིང་གི་གདམས་ངག་མ་ལུས་གསན། བཅོ་བརྒྱད་པར་ཀྲེ་པོ་ཆོས་ཀྱི་རྒྱ་མཚོ་ལས་བསྙེན་པར་རྫོགས། འདུལ་བའི་ཆོས་གཞུང་སོགས་ལ་མཁས་པར་སྦྱངས། ཁུ་བོ་རིན་ཆེན་ཕུན་ཚོགས་ལས་ཐེག་ཆེན་བསྟན་པའི་སྙིང་པོ་དང་། ཕྱག་ཆེན་ལྔ་ལྡན། ནཱ་རོ་ཆོས་དྲུག དམ་ཆོས་དགོངས་པ་གཅིག་པ། མོས་གུས་སྲོག་གི་འཁོར་ལོ་སོགས་དབང་ལུང་ཁྲིད་གསུམ་ལེགས་པར་ཞུས། སོ་གསུམ་པར་འབྲི་གུང་ཐེལ་གྱི་གླིང་ཁ་དར་རྒྱས་རྩེར་སྒོམ་སྒྲུབ་ཉམས་ལེན་གནང་། མངོན་རྟོན་གྱི་ཡོན་ཏན་ལ་བརྙེས། སོ་དགུ་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་ཁྲིར་བཞུགས། གདན་ས་ཆོས་སྲིད་གཉིས་ཀྱིས་ལོ་ངོ་བརྒྱད་རིང་བསྐྱངས། འབྲི་གུང་དུ་རྟེན་གསུམ་མང་དུ་བཞེངས། ཞེ་བཞི་པ་རབ་བྱུང་བཅུ་པའི་ལྕགས་རྟ་ཕྱི་ལོ ༡༥༧༠ ལོར་མཚེའུ་ཁ་བདེ་ལྡན་ཕོ་བྲང་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅོ་བརྒྱད་པ་ཡིན། མཚན་གཞན། རིན་ཆེན་དབང་གི་རྒྱལ་པོ། |
{{#arraymap:འབྲི་གུང་རིན་ཆེན་བསོད་ནམས་དཔལ་གྱི་རྒྱ་མཚོ་
|; |@@@ | | }}