68862

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་གུང་རིན་ཆེན་རྣམ་རྒྱལ་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ས་ཡོས་ཕྱི་ལོ ༡༥༡༩ ལོར་ལྷ་པོ་སྟོད་དུ་ཡབ་བྱམས་པ་ཆོས་ཀྱི་རྒྱལ་མཚན་ལེགས་ལྡན་རིན་ཆེན་དཔལ་བཟང་པོ་དང་། ཡུམ་སྐྱིད་ཤོད་བཟའ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་སོགས་སྦྱངས། བཅུ་པར་མཁན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། འབྲི་གུང་རིན་ཆེན་ཕུན་ཚོགས་ལས་བཀའ་བརྒྱུད་གོང་མའི་གདམས་ངག་དང་། སྒོས་སུ་འབྲི་གུང་ཆོས་མཛོད་མ་ལུས་གསན། ཀརྨ་མི་བསྐྱོད་རྡོ་རྗེ་དང་། ཞྭ་དམར་དཀོན་མཆོག་ཡན་ལག གཏེར་སྟོན་ཞིག་པོ་གླིང་པ། མཁན་ཆེན་ཀུན་དགའ་བཀྲ་ཤིས། མཁན་ཆེན་གྲགས་རྒྱལ་བ། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ་སོགས་བསྟེན། མདོ་སྔགས་རིག་གནས་ལེགས་པར་སྦྱངས། བཅུ་དྲུག་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་ཁྲིར་བཞུགས། གདན་ས་ཆོས་སྲིད་གཉིས་ཀྱིས་བསྐྱངས། བཅོ་བརྒྱད་པར་མཁན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་ལས་བསྙེན་པར་རྫོགས། འདུལ་བའི་ཆོས་གཞུང་སོགས་ཐུགས་བརྩོན་མཛད། ཉེར་གཉིས་པར་ཐེལ་གྱི་ཐོག་ཁ་གསེར་ཁང་དང་། འཛམ་གླིང་རྒྱན་སྒོ་མང་སོགས་ཀྱི་རྟེན་གསུམ་བཞེངས། སུམ་ཅུ་ཐམ་པར་མཛོ་སེར་དང་། འབབ་རོམ། སྒོམ་སྡེ་སོགས་སུ་ཆོས་འཁོར་བསྐོར། རྒྱ་ནག་གོང་མས་འཇའ་ས་ཕུལ། སོ་གསུམ་པར་འཕན་ཡུལ་དང་། ཞོགས་པ། རང་ཞབས་སོགས་སུ་ཕེབས། གདུལ་བྱ་རྣམས་ལ་ཆོས་གསུངས། རྒྱལ་བའི་བཀའ་འགྱུར་གྱི་གཙོས་རྟེན་གསུམ་མང་དུ་བཞེངས། ཞེ་བདུན་པར་གཅུང་པཎ་ཆེན་བསོད་ནམས་དཔལ་གྱི་རྒྱ་མཚོ་འབྲི་གུང་བྱང་ཆུབ་གླིང་གི་གདན་སར་དབང་བསྐུར། དབུས་གཙང་གི་དུས་ཟིང་འདུམ་འགྲིག་མཛད་ཀྱང་ཕན་འབྲས་མ་བྱུང་། ང་བརྒྱད་པ་རབ་བྱུང་བཅུ་པའི་མེ་བྱི་ཕྱི་ལོ ༡༥༧༦ ལོར་མཚེའུ་ཁ་བདེ་ལྡན་ཕོ་བྲང་དུ་སྐུ་གཤེགས། འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་མཁན་རབས་བཅུ་བདུན་པ་ཡིན།

{{#arraymap:འབྲི་གུང་རིན་ཆེན་རྣམ་རྒྱལ་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་

|; |@@@ | | }}