68864

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་གུང་རྡོ་རྗེ་རྒྱལ་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཤིང་སྤྲེལ་ཕྱི་ལོ ༡༢༨༤ ལོར་འབྲི་གུང་གཞུ་སྨད་དུ་ཡབ་རྡོ་རྗེ་རྒྱལ་མཚན་གྱི་སྲས་སུ་འཁྲུངས། གདུང་རུས་སྐྱུ་ར་ཡིན། ལྔ་བར་འབྲི་གུང་གླིང་ལོག་བྱུང་། ཀོང་པོར་ཕེབས། གཙུག་ལག་རིག་གནས་དང་། བཀའ་བརྒྱུད་གོང་མའི་གདམས་ངག་རྣམས་གསན། གཅེན་པོ་རྡོ་རྗེ་རིན་ཆེན་ལས་རབ་ཏུ་བྱུང་། མཚན་ལ་རྡོ་རྗེ་རྒྱལ་པོ་ཞེས་གསོལ། བཅུ་གསུམ་པར་གནས་ཆེན་གཏེར་སྒྲོམ་གྱི་དབེན་གནས་རྣམས་སུ་བཞུགས། རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་དང་། ཚོགས་ཟངས་གླང་ལུང་མ་སོགས་གཏེར་ལས་བཞེས། སོ་གཅིག་པར་འབྲི་གུང་བྱང་ཆུབ་གླིང་གི་གདན་སའི་ཁྲིར་བཞུགས། གདན་ས་ལོ་སོ་བརྒྱད་རིང་བསྐྱངས། གཙུག་ལག་ཁང་དང་། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ལྔ་བཅུ་བར་བཀྲ་ཤིས་ལྗོངས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་དུ་བཞེངས། གཞུ་སྨད་གཡའ་མ་རི་ལ་མགོན་ཁང་དང་སྒྲུབ་སྡེ་ཡང་བཏབ། རེ་བརྒྱད་པ་རབ་བྱུང་དྲུག་པའི་ལྕགས་ཡོས་ཕྱི་ལོ ༡༣༥༡ ལོར་བཀྲ་ཤིས་ལྗོངས་སུ་སྐུ་གཤེགས འབྲི་གུང་བྱང་ཆུབ་གླིང་གི་མཁན་རབས་དགུ་པ་ཡིན། ། མཚན་གཞན། ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ།

{{#arraymap:འབྲི་གུང་རྡོ་རྗེ་རྒྱལ་པོ་

|; |@@@ | | }}