68865
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀུན་བཟང་སྤྲུལ་པ་འབྲི་གུང་ལོ་ཙཱ་བ་མ་ཎི་ཀ་ཤྲི་ནི་ཕྱི་ལོ་ ༡༢༩༩ ས་མོ་ཕག་ལ་ཡུལ་སྐྱེར་ཕུར་དུ་སྐུ་འཁྲུངས། ལོ་གསུམ་ན་བཟང་སྤྱོད་སཾ་སྐྲི་ཏའི་སྐད་ཀྱིས་བཏོན། ལོ་བཅོ་ལྔ་མན་ཕར་ཚད་མངོན་འདུལ་སོགས་ལ་མཁས་པར་བྱས། ཁྱད་པར་ལེགས་སྦྱར་གྱི་སྒྲ་ལ་བསླབས་པས་ལོ་ཙཱ་མཆོག་ཏུ་གྱུར། འབྲི་གུང་གདན་ས་མཛད་པས་དགོན་གྱི་འགྲིག་ལམ་བཟང་པོར་སོང༌། ལོ་ཉེར་གཅིག་སྐབས་ཀུན་མཁྱེན་ཆེན་པོ་སྙེ་ཐང་དུ་བྱོན་པ་དང་མཇལ། དུས་ཀྱི་འཁོར་ལོའི་དབང་ལུང་སོགས་ཟབ་ཆོས་དཔག་མེད་གསན་པས་རྩ་བའི་བུ་ཆེན་དུ་གྱུར། རབ་འབྱམས་པ་ཉེར་ལྔ་ལས་རྩོད་པས་རྒྱལ་ཏེ་ལུང་རིགས་ཀྱིས་གཞན་སྟོང་གཏན་ལ་ཕབ། ཇོ་ནང་དུ་ལོ་བརྒྱད་ལ་བཞུགས་ནས་རྒྱུད་འགྲེལ་གསུངས། དགུང་ལོ་དོན་ལྔའི་སྟེང་མཁའ་ལྡིང་ཕུང་པོའི་རི་ཁྲོད་དུ་ཕྱི་ལོ་ ༡༣༧༣ ཆུ་མོ་གླང་ལོའི་དཔྱིད་ཟླ་ར་བའི་ཚེས་བཅུ་ལ་ངོ་མཚར་དང་བཅས་གཤེགས་སོ། ། |