68868

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲི་ཏ་ (1)
Part of speech མིང་ཚིག
Definition འབྲི་ཏ་ས་འཛིན་ཟེར་བའི་ལོ་རེ་བཞིན་སྐྱེ་བའི་རྩྭ་ལྡུམ་ཞིག་སྟེ། རྩ་བ་ཆུང་ཞིང་མདོག་ཁམ་སེར་ཆུང་བར་ཉ་ཁྲབ་ལྟ་བུའི་རི་མོ་ཡོད་ལ་ཨ་ར་ལྟ་བུའི་རྩ་ཕྲན་ཕྲ་ལ་མང་བ་དང༌། རྩ་བའི་སྟོད་ཆར་ལོ་མ་རྙིང་པའི་ངར་པ་ལུས་ཡོད་པ། གསར་སྐྱེ་ལོ་མ་ལྗང་ཞིང་རྒྱབ་སྐྱ་བ་གསུམ་གྱེས་གཞི་རྩ་ནས་སྐྱེ་ཞིང༌། ལོ་ལྷེབ་རེ་རེའི་དབྱིབས་སྒོར་ནར་སྒོང་གཟུགས་འདྲ་བའི་མཐར་ཉག་ག་ཞིབ་ཅིང་སོག་ལེའི་སོ་འདྲ་བ་དང༌། རྩ་རིས་བྱ་སྒྲོ་ལྟར་གྱེས་པ་གསལ་པོར་མངོན་ཞིང་རྒྱབ་ཏུ་འབར་འབུར་དེ་བས་གསལ་བ་ཡོད། སྤྱིའི་ལོ་མའི་ངར་པ་སྨུག་པོ་རིང་ཞིང་ལོ་མ་དང་ངར་པ་གཉིས་ཀར་སྤུ་དཀར་འཇམ་རིང་བ་མང་པོ་ཡོད་ཅིང༌། གཞི་རྩ་ནས་ས་འཛིན་དྲ་བ་ཟངས་སྐུད་ལྟར་ཕྲ་བ་ས་སྟེང་དུ་ཕན་ཚུན་སྦྲེལ་ནས་ཡོད་པ། མེ་ཏོག་དཀར་པོའམ་སེར་སྐྱ་འདབ་མ་ལྔ་ལྡན་ཡིད་ལ་འདབ་མར་བལ་སྤུལ་དཀར་པོ་ཐར་ཐོར་ཡོད་ཅིང་ངར་པ་རིང་བ་ཁ་ཤས་རྐྱང་པར་ལོ་མའི་དབུས་ནས་འཆར་ཞིང༌། འབྲས་བུ་དམར་པོ་བྱུར་ཞིབ་འདྲ་བ་འབུར་ཚག་ཅན་ཆེ་ཆུང་མཐེབ་ཆུང་ཙམ་ལ་ཁུ་བ་ཡོད་པ་སྟེ། བོད་ཀྱི་ཉིང་ཁྲི་དང༌། སྨན་གླིང༌། སྤོ་ཡུལ། གྲོ་མོ། གཉའ་ནང༌། སྐྱིད་གྲོང་སོགས་ནགས་ཁུལ་ཡིན་པའི་ས་ཁུལ་དུ་སྐྱེ་བའོ། །རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་ཨ་ར་དང་ལོ་མ་རྙིང་པའི་ངར་པ་རྣམས་གཙང་མ་བཟོས་རྗེས་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་དྲོ་བས་གློ་བ་སོགས་བྱང་ཁོག་ལ་རྣག་ཁྲག་ཆུ་སེར་འཁོར་བ་དང༌། རྩར་ཚ་བ་ཞུགས་པ། བད་མཁྲིས་ཀྱི་ནད་བྱིང་ཞིང་འཐིབས་པ་སོགས་ལ་ཕན་པ་ཡིན།

{{#arraymap:འབྲི་ཏ་

|; |@@@ | | }}