68878
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་གྱི་རིགས་ཀྱི་དངོས་ཤིག་སྟེ། རྩ་བ་ཕྲ་ལ་རིང་བར་རྩ་ཕྲན་གཉིས་གསུམ་ཙམ་གྱེས་ཤིང་། ཕྱི་པགས་སྲབ་ལ་མདོག་ནག་པོས་བཏུམ་པའི་བར་རྩི་དམར་སྨུག་དྭངས་བའི་ནང་སྙིང་དཀར་པོ་ཡིན་པ་དང་། ལོ་མ་ལྗང་སྐྱ་མཐུག་ལ་རལ་གྲིའི་དབྱིབས་ཅན་གྱི་མཐའ་མཉམ་ཞིང་རྒྱབ་མདུན་གཉིས་ཀར་སྤུ་དཀར་ལ་རྩུབ་པ་ཅུང་རིང་བ། རྒྱབ་ཀྱི་ལོ་མའི་སྤུ་མདུན་ལས་རྩུབ་པ་ཡོད། གཞི་རྩ་ནས་སྐྱེས་པའི་ལོ་མ་པདྨའི་དབྱིབས་ལྟར་ལ་ངར་བ་ཐུང་བའི་དབུས་ནས་སྡོང་པོ་སྔོ་སྐྱེས་པའི་ལོ་མ་ཅུང་ཆུང་ཞིང་ངར་བ་ཐུང་ངུ་རེ་མོས་སུ་སྐྱེ་བ། མེ་ཏོག་སྨུག་པོ་སྦུབས་མདོང་བ་རིམ་ཅན་སྡོང་པོའི་རྩེར་ཆུན་པོ་ལྟར་ཤར་ཞིང་མེ་ཏོག་གི་མཐར་ཟུར་ཆུང་བ་ལྔ་རེ་ཡོད་པ་ཟེའུ་འབྲུ་རིང་བ་དང་བུ་སྣོད་དུ་གནས་ཡོད་དོ། ། |