68882
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་དཀྱིལ་དུ་འཁྲུངས། རྒྱལ་པོ་སད་ན་ལེགས་མཇིང་ཡོན་སྐབས་ཀྱི་ཡིག་མཁན་ཞིག་ཡིན། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དུ་རྒྱལ་པོ་དེའི་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡིན། སྐུ་རིང་ལ་ཡི་གེའི་མཁན་པོ་འབྲི་ཡོན་ཏན་ཞེས་བྱ་བ་བྱུང་སྟེ། རྗེ་ལ་ཡི་གེ་སྟངས་སུ་ཕུལ་བས། ཉ་སྟོ་དཀར་ཆུ་ནས་བཏོན་པ་འདྲ་བ་ཞིག་བྱུང་སྟེ། གུང་བློན་རྣམས་ཀྱི་གཡར་དམ་དུ་བཟང་བས། རྗེས་རྩིས་དང་བསྙེན་བཀུར་བ་ནི། དབུ་སྟོན། གཞུང་སྟོན། ཐ་སྟོན། ཟ་སྲུང་། ཟླ་སྟོན། སྐྲ་འཁྲུད་ཆུ་སྟོན། ཟ་འདེགས། བྱ་དགའི་སྟོན་མོ་དཔག་ཏུ་མེད་དོ། །ཞེས་འཁོད་ཡོད། |