68884
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་དཀྱིལ་དུ་འཁྲུངས། སྐུ་ཚེའི་སྟོད་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་འཁོར་ཡིན། མིང་ལ་མགོན་པོ་ཞེས་ཞུ། སྐུ་ཚེའི་སྨད་དུ་རབ་ཏུ་བྱུང་། མཚན་ལ་རྒྱལ་བའི་བློ་གྲོས་ཞེས་ཞུ། རྒྱ་གར་དུ་སློབ་དཔོན་ཧཱུཾ་ཀ་ར་ལས་དམ་ཆོས་མང་དུ་གསན་ནས་བོད་ཡུལ་དུ་ཕེབས། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་མང་དུ་ཞུས། སྒོམ་སྒྲུབ་ཉམས་ལེན་ལ་བརྩོན། རྫུ་འཕྲུལ་གྱིས་རོ་ལངས་གསེར་བསྒྱུར་ཀྱི་དངོས་གྲུབ་བརྙེས། གྲུབ་མཐའ་ཤེལ་གྱི་མེ་ལོང་ལས་རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། ཞེས་གསུངས། གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་ཚན་ཞག་ཡིན། མཚན་གཞན། མགོན་པོ། རྒྱལ་བའི་བློ་གྲོས། |