68898
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། འབྲིང་གྲུབ་པ་ཆེན་པོ་བརྒྱད་ནི། ལྷ་མོ་བཞིས་ཞུས་ཀྱི་རྒྱུད་ལས། རྫས་བརྒྱད་ཡན་ལག་སྒྲུབ་པ་བཤད། ། རིལ་བུ་མིག་སྨན་དངོས་གྲུབ་དང་། ། ས་འོག་རལ་གྲིའི་དངོས་གྲུབ་དང་། །ནམ་མཁར་འཕུར་དང་མི་སྣང་དང་། །འཆི་བ་མེད་དང་ནད་འཇོམས་སོ། །ཞེས་སོགས་ཀྱི་དངོས་གྲུབ་བརྒྱད་ཡིན་ནོ། ། དེ་ལ་རིལ་བུའི་དངོས་གྲུབ་ནི། ཇི་ལྟར་བཤད་པའི་ཆོ་གས་ཚུལ་བཞིན་དུ་བསྒྲུབས་པའི་རིལ་བུ་ཉི་མ་རེ་ལ་རེ་རེ་རྒྱུན་ལྡན་དུ་ཟོས་ན། ལུས་གཟི་བརྗིད་དང་ལྡན་པ་དང་། འཛམ་བུ་ཆུ་པོའི་གསེར་ཀྱི་ཁ་དོག་དང་ལྡན་པ་དང་། སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པ་དང་། དགེ་བ་ལ་སྤྲོ་ཤུགས་དྲག་པོའི་བརྩོན་འགྲུས་དང་ལྡན་པ་དང་། ཇི་ལྟར་འདོད་པའི་སྨོན་ལམ་རྣམས་འགྲུབ་པ་དང་རྫུ་འཕྲུལ་སོགས་མངོན་པར་ཤེས་པ་ལྔ་ཐོབ་པ་སྟེ། ཕན་ཡོན་ཆེན་པོ་དྲུག་འབྱུང་བར་གསུངས་སོ། ། |
| Domain | ཆོས་ལུགས། |