68902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲིང་པོའི་བུ་བདུན་ (1)
Part of speech མིང་ཚིག
Definition གསང་བ་ཡང་ཁུག་ལས་གསུངས་པའི་སྐྱེས་དུས་སོགས་འབྲིང་ཙམ་པའི་བུ་བདུན་སྟེ། རང་ཚེ་རང་གིས་རྙེད་པའི་བུ་དང་། རང་ལུས་ལས་ཀྱིས་རྙེད་པའི་བུ། དཔལ་ཆེན་ཕ་ཡི་བུ། རྟེན་ཅན་མ་ཡི་བུ། རྩལ་ཆེན་སྟོབས་ཀྱི་བུ། ནོར་ཅན་རྫས་ཀྱི་བུ། བརྟེན་པ་རྟགས་ཀྱི་བུ་བཅས་ཡིན། བརྩི་བྱ་དེ་དག་ནི་ཆོས་ལ་མི་དད་པར་སྡིག་ལ་དགའ་བས་གློ་བུར་གྱི་ནད་འབྱུང་ཞིང་ནོར་རྫས་ལ་གང་སྟོངས་ཆེ། བསོད་ནམས་སྤྲིན་བར་གྱི་ཉི་མ་འདྲ། བུ་ཚས་དྲིན་ལན་ལོག་པར་བྱེད། བུ་མོས་བུའི་གདན་ས་འཕྲོག ཚེ་འབྲིང་དང་ཁ་མཆུ་འོང་ངོ་ཡོད་པས། བཅོས་སུ་གཡང་སྒྲུབ་དང་། སྦྱིན་གཏོང་། སོར་འབྲང་གི་གཟུགས། དགྲ་བཟློག་བཅས་ཀྱི་རིམ་གྲོ་བསྒྲུབ་དགོས། སྐྱེས་དུས་མགོ་བོ་ཤར་དང་ཁ་ལྷོར་འཁོར་ནས་འོང་བར་བཤད།
Domain རྩིས་རིག