68904

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲིང་བའི་སུམ་མདོ་དགོན་རིག་འཛིན་བདེ་ཆེན་གླིང་ (1)
Part of speech མིང་ཚིག
Definition འབྲིང་བའི་སུམ་མདོ་དགོན་རིག་འཛིན་བདེ་ཆེན་གླིང༌། མདོ་སྨད་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། དུས་རབས་བཅོ་བརྒྱད་པའི་ནང་འབྲིང་བའི་སེར་སྡེ་ལ་སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་གྱིས་ཆོས་འབྲེལ་གནང་ཞིང་ཐུགས་རྗེ་ཆེན་པོའི་སྐུ་སོགས་བཞེངས། ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་གི་སྐུ་དུས་སུ་ལུང་བཟང་ནང་བའི་བཞུགས་གནས་བླ་ཐེམ་མམ་ཁང་སྟེང་རི་ཁྲོད་དང་འབྲིང་བའི་སེར་སྡེ་གཉིས་ཟླ་བསྒྲིལ་གྱིས་སུམ་མདོའི་དགོན་པར་གྱུར་པ་ལ་ཁོང་གིས་རིག་འཛིན་བདེ་ཆེན་གླིང་ཞེས་མཚན་བཏགས། གསང་བདེ་འཇིགས་གསུམ་སོགས་ཀྱི་སྒྲུབ་མཆོད་གཙོ་བོར་བྱེད། ཕྱི་ལོ་ ༡༩༥༠ གོང་གྲྭ་གྲངས་ ༧༠ ལྷག་བཞུགས། མཚན་གཞན། འབྲིང་བའི་སུམ་མདོ་དགོན་བྱམས་པ་ལྷུན་འགྲུབ་གླིང༌།

{{#arraymap:འབྲིང་བའི་སུམ་མདོ་དགོན་རིག་འཛིན་བདེ་ཆེན་གླིང་

|; |@@@ | | }}