68907
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་པའི་སྨད་དུ་དབུས་སུ་འཁྲུངས། གཞོན་དུས་སུ་མདོ་སྨད་ཙོང་ཁའི་ཡུལ་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་བྱོན། བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་བཞེས། དབུས་གཙང་དུ་ཕེབས་ནས་བསམ་ཡས་གཙུག་ལག་ཁང་སོགས་ཞིག་གསོས་གནང། ངན་ལམ་དུ་སྤྱི་མོ་བརྩིགས། དཀར་ཆུ་དང་སྙེ་ཐང་བྲག་སྣ་བཟུང་སྟེ་འདུལ་བའི་བསྟན་པ་སྤེལ། དགེ་འདུན་གྱི་ཚོགས་ཀྱང་བསྐྱངས། དེ་ལས་གྱེས་པའི་ཆོས་རྒྱུད་ལ་འབྲིང་ཚོ་སྟོད་པ་དང་། འབྲིང་ཚོ་སྨད་པ་ཞེས་གྲགས། བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་པར་རྫོགས་པའི་དབུས་གཙང་གི་མཁས་པ་མི་བཅུའི་ནང་གི་ཡ་གྱལ་ཞིག་ཡིན། |