6893
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་དང་ལྡན་པ་ནི། འཕགས་པ་ཡོ་བྱད་བསྙུངས་པ་ཅན་དང་ལྡན་པ་དང་། སེམས་ཀྱི་སྒྲིབ་པ་བསལ་བར་འགྱུར་བའི་གཏམ་བྱ་བ་གང་ཡིན་པ་སྟེ། རྒྱས་པར་མདོ་ལས་འབྱུང་བ་བཞིན་ནོ། །ཆོས་དང་མི་ལྡན་པ་ནི། གང་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཁ་ཟས་ལ་སོགས་པའི་གཏམ་བྱེད་པའོ། །དེ་ལས་གཞན་པ་ནི། ལུང་དུ་མ་བསྟན་པའི་སེམས་ཀྱིས་གཏམ་བྱས་པ་རྣམས་ནི་དེ་ལས་གཞན་པའི་གཏམ་ཞེས་བྱའོ། ། |
| Domain | ཆོས་ལུགས། |