68949

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུ་མང་པོའི་ཚིག་སྡུད་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་གསུམ་པའི་དང་པོ་དཔེ་རྒྱན་གསལ་བྱེད་དེ། དོན་མི་འདྲ་བའམ་ཚིག་མི་འདྲ་བ་གཉིས། ཚིག་གཅིག་ཏུ་བསྡུས་པས་དེའི་རེ་རེ་ལ་མི་འཇུག་པར། དེ་ལས་གཞན་པའི་དངོས་པོ་ཞིག་ལ་འཇུག་པ་ནི་འབྲུ་མང་པོའི་ཚིག་གིས་དོན་གཞན་བསྡུ་བ་ཡིན།
Example རྒྱལ་དབང་ལྔ་པས། ནམ་མཁའི་མཁྱེན་པ་ཆར་གྱི་ཐུགས་རྗེ་ཅན། །དྲི་ཟའི་སྒྲ་དབྱངས་གསུང་དང་བུང་བའི་སྒྲ། ། མཚམས་སྤྲིན་བླ་གོས་གསེར་གྱི་རི་དབང་དཀྱུས། །འགྲོ་བ་ཀུན་གྱི་རེ་འདོད་རྣམ་པར་སྐོང་། །ཞེས་ནམ་མཁའ་དང་མཁྱེན་པ་གཉིས་ཚིག་གཅིག་ཏུ་བསྡུས་པའི་ནམ་མཁའི་མཁྱེན་པ་ཞེས་པ་དེ། ནམ་མཁའ་དང་མཁྱེན་པའི་ཚིག་རེ་རེ་ལ་མི་འཇུག་པར་དེ་གཉིས་ལས་གཞན་པའི་སངས་རྒྱས་ཀྱི་ཐུགས་ཀྱི་མཁྱེན་པའི་ཡེ་ཤེས་ལ་འཇུག་པ་དང་། དེ་བཞིན་ཆར་བ་དང་ཐུགས་རྗེ་གཉིས་བསྡུས་པས་དེ་རེ་རེ་ལ་མི་འཇུག་པར། སངས་རྒྱས་ཀྱི་བརྩེ་བའི་ཐུགས་རྗེ་ལ་འཇུག་པ་དང་། དྲི་ཟའི་སྒྲ་དབྱངས་དང་གསུང་དང་བུང་བའི་སྒྲ་རྣམས་ཀྱི་ཚིག་ལྷན་དུ་བསྡུས་པས། དེ་གསུམ་པོ་རེ་རེ་ལ་མི་འཇུག་པར། སངས་རྒྱས་ཀྱི་གསུང་དབྱངས་ལ་འཇུག་པ་དང་། མཚམས་སྤྲིན་དང་བླ་གོས་གསེར་གྱི་རི་བོ་གསུམ་ཡང་བསྡུས་པས་དེ་རེ་རེ་ལ་མི་འཇུག་པར། སངས་རྒྱས་སྐུའི་གཟི་བརྗིད་ལ་འཇུག་པ་དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ལྡན་པའི་སངས་རྒྱས་ཀྱིས་འགྲོ་བ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་རེ་འདོད་རྣམ་པར་སྐོང་ཞེས་པ་ལྟ་བུའོ། །
Domain རྩོམ་རིག