68952

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུ་མར་གྱི་ཚིགས་མས་བསྐུད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་ཏིལ་གྱི་འབྲུ་མར་གྱི་ཚིགས་མས་ལུས་ཕྱི་བར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །འབྲུ་མར་གྱི་ཚིགས་མ་དགེ་སློང་མ་རང་གི་ལུས་ལ་བསྐུད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འབྲུ་མར་གྱི་ཚིགས་མས་རང་གི་ལུས་ལ་སྐུད་པ་བུད་མེད་གཞན་བྱེད་དུ་འཛུད་པ་སྟེ། བྱི་དོར་བྱེད་པ་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།