68954
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྱན་སྔ་འདི་དང་དུས་མཉམ་པར་ལུང་བསྟན་བུ་བཞིའི་ནང་ཚན་སྟེ། རབ་བྱུང་བཞི་པའི་མེ་སྦྲུལ་ཕྱི་ལོ་ ༡༢༥༧ ལོར་སྐུ་འཁྲུངས། གསང་བདག་བྱམས་པ་འབུམ་བླ་མར་བསྟེན་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་མཛོད་ལ་མངའ་དབང་འབྱོར། གནས་སྐོར་བྱོན་ནས་ཆོས་སྡེ་བརྒྱ་རྩ་གཅིག་འདེབས་པའི་ལུང་སྟན་གནང་བ་ལྟར། བུ་རོང་བཞག་གསུམ་དང༌། ཁ་བ་དཀར་ཡན་ཆོད་ཕེབས་ནས་འབྲོག་ཁང་དགོན་དང༌། ལྕགས་མདུད་དགོན། ཁལ་རི་དགོན། རི་ཤེར་དགོན་སོགས་དགོན་པ་བརྒྱ་རྩ་བརྒྱད་བཏབ། མདོ་སྒྱུ་གཙོ་བོར་གྱུར་པའི་སྔ་འགྱུར་རིང་ལུགས་དྲི་མ་མེད་པས་མདོ་སྨད་ཀྱི་ས་གནས་ཀུན་ཏུ་ཁྱབ་བརྡལ་དུ་སྤེལ། རྨོག་སྟོན་འཇམ་དཔལ་སེངྒེ་ནི་གསང་བདག་ཆེན་པོའི་ཞབས་ལ་བསྙེན་ཏེ་མཁྱེན་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ཆོས་རྗེ་བྱམས་པ་འབུམ་པའི་ལུང་བཞིན། སྐུ་ཚེའི་སྨད་ལ་འབྲི་རྒྱུད་རྨོག་རྩ་དགོན་བཏབ་ནས་དེར་བཞུགས། སྣང་སེམས་ཀྱི་བག་ཆགས་ཆོས་ཉིད་ཀྱི་ཀློང་དུ་ཟད། རང་སྣང་དབང་དུ་བསྒྱུར་བས་གསང་ཆེན་རྡོ་རྗེ་སྙིང་པོའི་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་གྱུར། མཁས་དང་གྲུབ་པའི་སྙན་པས་སྐྱེ་དགུའི་ཡིད་དབང་འཕྲོག འགྲོ་དོན་ནམ་མཁའ་དང་མཉམ་པར་གྱུར། ཕྱིས་སུ་ཁོང་གི་དབོན་བརྒྱུད་ལས་གྲུབ་ཐོབ་རྨོག་རབ་བཅུ་གསུམ་དུ་གྲགས་པ་བྱུང་ངོ༌། ། |