68987

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ (1)
Part of speech མིང་ཚིག
Definition ངག་རྒྱུན་ལ་གྲགས་པའི་སྲོག་ཆགས་གཟུགས་དབྱིབས་ནར་རིང་སྦྲུལ་དང་འདྲ་ཞིང་རྭ་དང་ཁྲབ་རིས་ཡོད་པ། ཡན་ལག་བཞི་ཅན། འགྲོ་ནུས་ཤིང་ཆུ་ལ་རྐྱལ་ཤེས་ལ་ནམ་མཁར་འཕུར་ཡང་ཐུབ་པ་ཞིག་ཡིན་ཟེར།
འབྲུག་ (2)
Part of speech མིང་ཚིག
Definition འབྱུང་རྩིས་ཀྱི་ལོ་བསྐོར་བཅུ་གཉིས་ཀྱི་ཡ་གྱལ་ཏེ། ལུས་སྦྲུལ་དང་འདྲ་ནའང་མི་འདྲ་བའི་ཁྱད་པར་འབྲུག་ལ་རྐང་ལག་བཞི་ཡོད་པ། མགོ་ལ་རྭ་དང་ཟེ་བ་ཡོད་པ། ཁ་ལ་སོ་དང་མཆེ་བ་ཡོད་པའི་སེམས་ཅན་མིས་བློ་བཟོས་པ་ཞིག་ཡིན།
འབྲུག་ (3)
Part of speech མིང་ཚིག
Definition དབྱར་དུས་ནམ་མཁའི་ཀློང་དུ་ཆུ་སྤྲིན་འཁྲིགས་པའི་སྐབས་སུ་འབྱུང་བ་ཚ་གྲང་ངམ་ཕོ་གློག་དང་མོ་གློང་འཐབ་ནས་སྒྲ་གྲགས་པ་ལ་འབྲུག་དང་། དེའི་སྐད་ལ་འབྲུག་སྐད་ཟེར། དེ་ལས་གློག་འཁྱུགས་ཤིང་གློག་ཞག་ས་ལ་ཟག་པ་ལ་ཐོག་འཕེན་ཞེས་ཟེར་ཏེ། གུ་རུ་ཨོ་རྒྱན་གླིང་པའི་གཏེར་མ་རྒྱལ་པོའི་བཀའ་ཐང་ལས། སྤུ་གྲིའི་སྟོབས་ཅན་རླུང་གིས་འདེགས་པའི་གོང་། །འདེགས་དང་གནོན་དང་འཕྲུལ་དང་བརྟེན་པའི་རླུང་། །བཞི་སྒྲོམ་རླུང་གིས་ཉིི་ཟླ་གཟའ་སྐར་བཏེག ། མཚོ་ཡི་རླངས་ལས་མཁའ་ལ་སྤྲིན་དུ་ཆགས། །འབྱུང་བ་ཚ་གྲང་འཐབ་པས་གློག་ཏུ་འཁྱུག ། དེ་ཉིད་འཐབས་པས་མཁའ་ལ་འབྲུག་སྒྲ་སྒྲོགས། །དྲག་ཅིང་ངར་ན་བར་ནས་ཐོག་ཏུ་འབབ། །དཔེར་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིན། །བར་ནས་མེ་དང་རིན་ཆེན་འོད་ཟེར་འཕྲོ། །ཞེས་གསུངས།
འབྲུག་ (4)
Part of speech མིང་ཚིག
Definition བོད་ཀྱི་ལྷོ་ཕྱོགས་སུ་ཡོད་པའི་རྒྱལ་ལྡན་ནང་པའི་རྒྱལ་ཁབ་ཅིག