69009
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དཔལ་ལྡན་འབྲུག་པའི་གདུང་བརྒྱུད་ཡབ་ནང་སོ་རིན་ཆེན་བཟང་པོ་དང་། ཡུམ་དཔོན་མོ་མགོན་པོ་སྐྱིད་གཉིས་ཀྱི་སྲས་རྒན་པའི་གྲས་སུ་རབ་བྱུང་བརྒྱད་པའི་ཤིང་ཕག་ཕྱི་ལོ་ ༡༥༤༤ ལོར་བལྟམས། བྱིས་པའི་མཚན་ཚེ་དབང་རྒྱལ་པོར་གསོལ། གཞོན་ནུའི་དུས་ནས་སྦྱོར་ཀློག་སོགས་ལེགས་པར་སྦྱངས། དགུང་ལོ་བཅུ་གསུམ་དུ་ཕེབས་པ་མེ་ཕག་ཕྱི་ལོ་ ༡༥༦༧ ལོར་སྣེལ་པ་བའི་ཕྱོགས་ཀྱིས་ཡབ་བཀྲོངས་སྟབས་ཁོང་དྭ་ཕྲུག་ཏུ་ལུས། རིན་སྤུངས་པ་མི་དབང་ཀུན་ཏུ་བཟང་པོའི་ཕྱག་ཕྱིར་སླེབས། དེར་ལོ་དྲུག་ཙམ་བཞུགས། དེ་ནས་དབུས་སུ་ཕེབས་སྐབས། རིན་སྤུངས་ཀུན་ཏུ་བཟང་པོས་ཁོང་ལ་གནང་བའི་སྤོས་ཤེལ་གྱི་ཕྲེང་བ་དང་། རྣ་གཡུ་ལེགས་པོ་ཞིག་ཡོད་པ་དེ་སྲིང་མོ་རྒན་པར་གནང་། རྟ་ངང་པ་ལེགས་པོ་ཞིག་ཡོད་པ་དེ་གསོལ་ཇ་བ་བཟང་པོ་ལ་བྱིན་ནས། ཁོང་གནས་ངེས་མེད་དུ་ཕེབས། རྭ་ལུང་རིན་པོ་ཆེའི་མདུན་བས་རྒྱུད་བརྟག་གཉིས་གསན་སྦྱོང་མཛད། རྟོགས་ལྡན་ཆེན་པོ་ལྷ་བཙུན་པ་རྭ་ལུང་དུ་ཕེབས་པ་མཇལ། དགེ་སློང་བསོད་ནམས་མཆོག་ལྡན་གྱི་དྲུང་དུ་ཕྱག་ཆེན་དང་རོ་སྙོམས་ཀྱི་ཁྲིད་ཆ་ཚང་ཞུས། བླ་མ་བསོད་ནམས་བཟང་པོ་ལ་རྙིང་མའི་ཆོས་སྐོར་འགའ་ཞིག་ཞུས། གནས་རྙིང་ཆོས་རྗེའི་མདུན་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་ཞུས། ཀུན་དགའ་ལེགས་པའི་དཔལ་འབྱོར་བཟང་པོ་ཞེས་པའི་མིང་བསྩལ། ཞ་ལུ་རྗེ་མཁྱེན་རབ་མདུན་ནས་དགེ་སློང་གི་སྡོམ་པ་བླངས། མཁན་སློབ་དེ་གཉིས་ཀྱི་སྤྱན་སྔར་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། རྒྱལ་དབང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཞབས་དྲུང་དུ་རླུང་སེམས་དབྱེར་མེད་སྐོར་གྱི་ཁྲིད་རྒྱས་པ་གསན། གཞན་ཡང་སྟག་ལུང་པ་དང་། གྲམ་པ་བཀའ་བཅུ་པ། རྟོགས་ལྡན་ལྷ་བཙུན་པ། བསོད་ནམས་བཟང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་མང་པོར་བསྟེན། ཆོས་དང་འཇིག་རྟེན་གང་ཐད་ནས་གཞན་དྲིང་མི་འཇོག་པའི་སྤོབས་པ་རྒྱུད་ལ་འཁྲུངས། མོན་ཡུལ་དུ་ཕེབས་ནས་མོན་སྲིབས་ལྷ་ཁང་གསར་དུ་བཏབ། མོན་པའི་གྲྭ་བཙུན་སུམ་ཅུ་ཙམ་བསྡུས། ལྷོ་མོན། མངའ་རིས། དྭགས་ཀོང་། ལྷ་ས། གཞིས་རྩེ། གཞན་ཡང་དགོན་སྡེ་དང་དབེན་པའི་རི་ཁྲོད་སོགས་གནས་ངེས་མེད་དུ་བྱོན་ནས་བརྟུལ་བཞུགས་ཀྱི་སྤྱོད་པ་ཁོ་ན་མཛད། སྐུ་ཆས་ཀྱང་སྐྱ་ཆས་དང་སེར་ཆས། ཕོ་ཆས་དང་མོ་ཆས། རྔོན་ཆས་དང་གདོལ་པའི་ཆས་སོགས་ངེས་པ་མེད་པའི་ཚུལ་མཛད། ཁོང་གིས་རིག་མ་ཞིག་བཞེས་པ་དེར་ཚེ་དབང་འཛོམས་ཟེར། སྣེ་གདོང་དཔོན་གྱིས་ཁང་པ་དང་ས་ཞིང་ཅུང་ཟད་གནང་ནས་བར་སྐབས་ཤིག་དེར་གཞུགས། སྲས་ཞིང་སྐྱོང་འབྲུག་གྲགས་ཞེས་པ་འཁྲུངས། ཁོང་དགུང་གྲངས་དོན་བཞིར་ཕེབས་པ་རབ་བྱུང་དགུ་པའི་ས་ཕོ་བྱི་བ་ཕྱི་ལོ་༡༥༢༨ ལོར་འདས་པ་ཡིན་ནམ་སྙམ་ཡང་རྣམ་ཐར་དུ་ནམ་འདས་པ་མི་གསལ་བས་ཐུགས་དཔྱད་མཛད་གྲུབ་ཞུ། འདས་རྗེས་སྲས་ཞིང་སྐྱོང་འབྲུག་གྲགས་ནས་གདུང་རུས་སྟོད་ལུང་ལམ་འཕར་དགོན་གྱི་དངུལ་གྱི་མཆོད་རྟེན་དུ་དྲངས་ནས་བཞུགས་སུ་གསོལ་བ་རེད། ཁོང་གི་གསུང་ནི་མི་རྣམས་ཀྱི་ངག་ནས་བརྒྱུད་པ་དང་སྒེར་གྱི་ལག་ཏུ་ཐོར་བ་སོགས་ཤིན་ཏུ་མང་པོ་ཞིག་ཡོད་པར་གྲགས། ་གི་གསུང་ནི་མི་རྣམས་ཀྱི་ངག་ནས་བརྒྱུད་པ་དང་སྒེར་གྱི་ལག་ཏུ་ཐོར་བ་སོགས་ཤིན་ཏུ་མང་པོ་ཞིག་ཡོད་པར་གྲགས། |
{{#arraymap:འབྲུག་པ་ཀུན་ལེགས་
|; |@@@ | | }}