69010

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་པ་ངག་དབང་སྟོབས་བཅུ་ (1)
Part of speech མིང་ཚིག
Definition ཁོང་ནི། ཁམས་མདོ་སྟོད་དུ། ཡབ་དཔལ་ལྡན་བཀྲ་ཤིས་དང༌། ཡུམ་བཀྲ་ཤིས་དབྱངས་མཚོའི་སྲས་སུ། རབ་བྱུང་བཅུ་བཞི་པའི་ཤིང་ལུག་ ༡༨༣༥ ལོར་འཁྲུངས། ཐོག་མར་བསོད་ནམས་དགེ་བའི་སྤྲུལ་སྐུ་ཀརྨ་ངེས་དོན་གྲུབ་པའི་ཤིང་རྟ་སོགས་བླ་མ་མང་པོར་བསྟེན་ནས་ཐོས་བསམ་མཐར་ཕྱིན་པ་མཛད། གཉན་རྒྱལ་ཕུག་སོགས་སུ་སྒྲུབ་པ་ཉམས་བཞེས་གནང་བས་མཁས་གྲུབ་གཉིས་ལྡན་དུ་གྱུར། གྲུབ་པའི་རྟགས་མཚན་ཤིན་ཏུ་མང༌། (འདི་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་སྐུ་སྤྲུལ་ཡིན་ཟེར་བ་འདུག་ཀྱང་དུས་མཉམ་པས་མི་འཐད་སྙམ། ) དེ་ལྟར་སྐུ་ཚེར་སྒྲུབ་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་བའི་མཐར། དགུང་ལོ་གྱ་གཉིས་པ་མེ་འབྲུག་ ༡༩༡༦ ལོར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །མདོ་དབུས་ཁམས་གསུམ་དུ་རིས་སུ་མ་ཆད་པའི་སློབ་མ་ཧ་ཅང་མང་ཡང༌། གཙོ་བོར་གྱུར་པ་ནི། འབྲུ་འཇམ་དབྱངས་གྲགས་པ། དུལ་མོ་ཕྲིན་ལས་བསྟན་འཛིན། མགར་སྤྲུལ་སྐུ། མགར་འཆི་མེད་སྤྲུལ་སྐུ། ལོ་རི་སྤྲུལ་སྐུ། ཀུན་དགའ་སྤྲུལ་སྐུ། སྤྲུལ་སྐུ་བཀྲ་ཤིས་རྒྱལ་མཚན། སྤྲུལ་སྐུ་ཆོས་རྒྱལ་རྡོ་རྗེ། པད་སྙིང་སྒྲུབ་དཔོན་པདྨ་དབང་རྒྱལ། སྒྲུབ་དཔོན་གཟའ་རུ་ཆོས་མཛད་སོགས་ཡིན་ནོ། །སྐུ་ཕྲེང་གཉིས་པ་ཀརྨ་ལུང་རྟོགས་ཆོས་ཀྱི་འོད་ཟེར་སོགས་བྱོན་པའོ། །

{{#arraymap:འབྲུག་པ་ངག་དབང་སྟོབས་བཅུ་

|; |@@@ | | }}