6902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏམས་ (1)
Part of speech བྱ་ཚིག
Definition སྣོད་སོགས་ཁེངས་པའམ་ཡོང་སུ་གང་བའི་དོན་ཏེ།
Keyword True
Example མཁས་པའི་ཐུགས་རྒྱུད་ཡོན་ཏན་གྱིས་གཏམས་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
གཏམས་ (2)
Part of speech བྱ་ཚིག
Definition བཅོལ་བ་དང་བཤད་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [གཏམས།, ནོར་རྩ་ཆེན་རྣམས་གྲོགས་པོ་ལ་གཏམས་དགོས།]
Present [གཏམས།, ནོར་གཏམས་བཞིན་པའི་སྐབས།]
Past [གཏམས།, གྲོགས་པོར་གཏམས་ཡོད་པས་བློ་བདེ།]
Imperative [གཏོམས།, འགྲོ་ཁར་ནང་མི་གྲོགས་ལ་གཏོམས་ལྟ་བུ།]
གཏམས་ (3)
Part of speech བྱ་ཚིག
Definition ཚོང་ཟོག་གི་རིན་གོང་གཅོག་འཕྲིའི་དོན།
Keyword True
Future [གཏམས།, ཁྲོམ་རའི་ཅ་དངོས་གང་ཡིན་གྱི་གོང་གཏམས་དགོས།]
Present [གཏམས།, གོང་གཏམས་མཁན་གྱི་ཚོང་བ།]
Past [གཏམས།, གོང་གཏམས་ནས་རིན་གོང་མར་གཅོག་ཐབས་བྱས།]
Imperative [གཏོམས།, ཚོང་རྫས་ཀྱི་གོང་གཏོམས་ལྟ་བུ།]
གཏམས་ (4)
Part of speech བྱ་ཚིག
Definition སྣོད་སོགས་བཅུད་ཀྱིས་བཀང་བའི་དོན།
Keyword True
Future [གཏམས།, བང་མཛོད་ནོར་གྱིས་གཏམས་པར་བྱ།]
Present [གཏམས།, སྒྲོམ་ནོར་གྱིས་གཏམས་བཞིན་པ།]
Past [གཏམས།, བང་བ་ནོར་གྱིས་གཏམས་ནས་སེམས་བདེ།]
Imperative [གཏོམས།, འབྲུ་ནོར་གྱིས་མཛོད་གཏོམས་ཤིག་ལྟ་བུ།]
གཏམས་ (1)
Part of speech གྲངས་ཚིག
Definition གྲངས་གནས་དྲུག་ཅུའི་ནང་གི་བཅུ་དྲུག་པ་སྟེ་རབ་བཀྲམ་ཆེན་པོ་བཅུའོ། །