69020
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་ ༡༥ པའི་ནང་དུ་བཏབ། དེ་ཡང་ཡག་ཐང་ཞེས་པའི་ས་ཆ་ཡིད་དུ་འོང་བ་ཞིག་ལ་ལྷ་ཁང་བཞེངས་འདོད་ཡོད་ཀྱང་དེའི་སྦྱིན་བདག་གིས་བཞེངས་མ་བཅུག་པས་ས་ཆ་ཅུང་ཟད་སྐྱོ་བ་ཞིག་ལ་ལྷ་ཁང་བཞེངས་དགོས་བྱུང་བས་སྐྱོ་བྱམས་ཞེས་མཚན་དེ་གྲགས། ཕྱིས་སུ་དུས་རབས་ ༢༠ ནང་ལྷ་ཁང་ཉམས་ཆག་བྱུང་སྐབས་ཀཿཐོག་བླ་མ་པདྨ་ཀློང་ཡངས་རིན་པོ་ཆེ་དགུང་གྲངས་ ༥༠ ཕྱི་ལོ་ ༡༩༦༢ ལ་སྟང་སྨད་སྐྱོ་བྱམས་དུ་ཕེབས་ཏེ་ལྷ་ཁང་ཞིག་རལ་སོང་བ་གསར་བཞེངས་གནང་ཞིང་གཙོ་སྐུ་གུ་རུའི་སྐུ་འདྲ་དང་གཡས་སུ་གུ་རུ་ཧོར་སོག་འཇིགས་པ། གཡོན་ཏུ་ཕྱག་རྡོར་མི་ཚད་ལས་ལྷག་པ་འོག་ཁང་དུ་ཚེ་ལྷ་རྣམ་གསུམ་དང་འོད་དཔག་མེད་གནས་བརྟན་བཅུ་དྲུག་སོགས་ཀྱི་ལྡེབས་རིས་བཅས་ ༡༩༧༠ ལོར་ལེགས་གྲུབ་བྱུང་ཞིང་རབ་གནས་ལ་ཀཿཐོག་བཻ་རོ་དང་། ནམ་མཁའི་སྙིང་པོ་རྣམ་གཉིས་གདན་འདྲེན་ཞུས་ཏེ་རྟེན་འབྲེལ་གྱི་མཛད་སྒོ་ཟབ་རྒྱས་གནང་། དགོན་འདིའི་རྟེན་གཙོ་སྤྱན་རས་གཟིགས་ཀྱི་ལི་སྐུ་བྱིན་ལྡ་ད་ལྟ་ཡང་མཇལ་དུ་ཡོད། བཻ་རོ་རིན་པོ་ཆེའི་ཞལ་བཀོད་ལྟར་རྒྱུན་སྡོད་དགེ་འདུན་ཉེར་ལྔ་ལྷག་གིས་ཀཿཐོག་གཏེར་ཆེན་བདུད་ཀློང་རྣམ་གཉིས་ཀྱི་གསུང་དགུ་གཏོར་དང་ཚེས་བཅུ་ཉེར་ལྔ་རྒྱུན་འཚོགས་དང་རྡོར་གླིང་བླ་མ་བཀའ་འདུས་ཀྱི་སྒྲུབ་པ་འཆམ་དང་བདེ་ཆེན་ཞིང་སྒྲུབ་བཅས་ཡོད། ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། ཀཿཐོག་ཕྱག་ཚ་པདྨ་ཕྲིན་ལས་རྒྱ་མཚོ་སོགས་དང་ཁྱད་པར་དུ་ཡང་ལེ་ཤོད་གཏེར་སྟོན་གྱི་མདུན་ནས་དབང་ལུང་གདམས་ཁྲིད་མང་དུ་ཞུས་མཐར་བླ་མའི་བཀའ་ལུང་བཞིན་དགུང་གྲངས་ ༣༠ ཐོག་དབུས་གཙང་བརྒྱུད་མོན་ལ་དཀར་ཆུང་བརྒལ་ཏེ་འབྲུག་བུམ་ཐང་སྟང་སྟོད་གུ་རུའི་སྒྲུབ་གནས་བྲག་བཞིའི་ཡ་གྱལ་མཐོ་བ་བྲག་ཏུ་ཕེབས་ཏེ་ལྷ་ཁང་རྟེན་དང་བརྟེན་པ་བཅས་ཉམས་གསོ་དང་གཞན་ཡང་མཆོད་རྟེན་སོགས་བསྟན་འགྲོའི་དོན་རྒྱ་ཆེར་གནང་ཡོད། |
{{#arraymap:འབྲུག་བུམ་ཐང་གསང་སྔགས་གླིང་
|; |@@@ | | }}