69026

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ཞབས་དྲུང་གསུང་སྤྲུལ་ལམ་ཕྱོགས་སྤྲུལ་གཉིས་པ་ཤཱཀྱ་བསྟན་འཛིན་ (1)
Part of speech མིང་ཚིག
Definition ཁོང་ནི། འཁྲུངས་ཡུལ་ཐིམ་གཞུང་དཀར་སྤེ་འབྱུང་བཞི་ནང་དུ། རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ ༡༧༣༦ ལོར་འཁྲུངས། མཁན་ཤཱཀྱ་རིན་ཆེན་དང༌། ཡོངས་འཛིན་ཀུན་དགའ་རྒྱ་མཚོ་སོགས་ནས་སྡོམ་པའི་བསླབ་ཚིགས་ཀྱིས་གཙོས་མདོ་སྔགས་རིག་གནས་དང་བཅས་པའི་གསན་བསམ་དང༌། སྨིན་གྲོལ་གདམས་སྐོར་རྣམས་ལ་སྦྱངས་སྒོམ་གནད་དུ་བསྣུན་པར་མཛད། རིན་སྤྱི་དཀར་སྤེ་དོན་གྲུབ་ཀྱི་དབུ་བླར་གྱུར་ནས་སྤ་གྲོ་གསང་ཆེན་ཆོས་འཁོར་གྱི་གདན་ས་བཏབ་སྟེ་འགྲོ་དོན་བསྐྱངས། ཕྱིས་ཧད་བྲག་ནག་སྡིངས་ཁའི་གདན་ས་བཏབ་པའི་མཐར། དགུང་ལོ་ཞེ་ལྔ་པ་ལྕགས་བྱི་ ༡༧༨༠ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། །

{{#arraymap:འབྲུག་ཞབས་དྲུང་གསུང་སྤྲུལ་ལམ་ཕྱོགས་སྤྲུལ་གཉིས་པ་ཤཱཀྱ་བསྟན་འཛིན་

|; |@@@ | | }}