69038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲུག་ཤིང་ (1)
Part of speech མིང་ཚིག
Definition ཡལ་ག་ཐུར་དུ་འཕྱང་བའི་ལྕང་མའི་རིགས་ཤིག་གི་མིང་།

{{#arraymap:འབྲུག་ཤིང་

|; |@@@ | | }}

འབྲུག་ཤིང་ (2)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་ཕྲན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཆེ་ཆུང་སེ་བའི་སྡོང་པོ་ཙམ་དང༌། ཤུན་པ་སྐྱ་བོ་ཅུང་ཟད་མཁྲེགས་ལ་ལོགས་བཞི་ནས་སྔོ་ལྗང་གི་གཞུང་ཐིག་རེ་ཡོད་པ། གཞོན་དུས་དང་ཡལ་ཕྲན་གསར་པ་སྔོ་ལྗང་སྒང་བཞི་ཅན། ལོ་མ་ལྗང་འཇམ་མཐུག་ཅིང་མཐའ་སྙོམས་པ་དབྱིབས་འཇོང་ནར་ཅན་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་ལྗང་དཀར་འདབ་མ་བཞི་ལྡན་དང༌། གང་བུ་ལྗང་སྐྱ་སྒང་གཤོང་བཞི་བཞི་ཡོད་པའི་ནང་དུ་ས་བོན་སྨུག་ནག་ཤུན་པ་དམར་སེར་ཅན་འདོགས་པ། ཤིང་རྒྱུ་མཉེན་པས་ཁུར་སྒ་དང༌། རྔ་དབྱུག་སོགས་བཟོ་བྱེད་དེ་སྟེ། རང་ལྗོངས་ཀྱི་ཉིང་ཁྲི་དང༌། སྤོ་ཡུལ། ཆབ་མདོ། སྐྱིད་གྲོང་སོགས་ནགས་ཁུལ་གྱི་ཤིང་མ་ལྡུམ་གྱི་གསེབ་ཏུ་དུ་སྐྱེ་བ་མང་བ། འབྲས་བུ་བོད་ཟླ་བརྒྱད་པ་ཙམ་ལ་བཏུས་ཏེ་བསིལ་སར་མ་རུལ་བར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་བས་ཀླུ་ནད་སེལ་བ་དང༌། ཆར་འབེབས་ཀྱི་རྫས་སུ་འགྲོ་བའོ། །

{{#arraymap:འབྲུག་ཤིང་

|; |@@@ | | }}