From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཏའ་གམ་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ལོ་ན་ཆུང་ངུའི་སྐབས་ནས་ལང་ཚོ་ཉམས་ཏེ་རྒས་མདོག་གམ་རྒས་ཉམས་སྟོན་པའི་དོན་ཏེ། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། གཏའ་གམ་པ་ནི་ལང་ཚོ་ལ་མ་བབ་པར་རྒས་ཉམས་ཆེ་ལ་ནུས་མཐུ་ཆུང་བའོ་ཞེས་གསུངས་པ་ལྟ་བུ།
|
| Type
|
བརྡ་རྙིང་།
|
གཏའ་གམ་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ན་ཚོད་ཆེན་པོར་སླེབས་ཀྱང་གཟུགས་ཀྱི་བོང་ཚོད་མ་སྨིན་པའམ་ཞན་པའི་དོན་ཏེ། དག་ཡིག་ཤེས་བྱ་རབ་གསལ་ལས། གཏའ་གམ་ནར་སོན་བོང་ཚོད་ཞན། ཞེས་གསུངས་པ་ལྟ་བུ།
|
གཏའ་གམ་པ་ (3)
| Part of speech
|
མིང་ཚིག
|
| Definition
|
བུ་ལོན་འཇལ་དགོས་མཁན་གྱི་མིང་ལ་ཟེར།
|