69078

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲེ་ཤེས་རབ་འབར་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་སྨད་དུ་འཁྲུངས་པའི་རྔོག་བློ་ལྡན་ཤེས་རབ་ཀྱི་སློབ་མ་ཡིན། བཤེས་གཉེན་མང་པོ་ལས་ས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས། སྒོས་སུ་རྔོག་བློ་ལྡན་ཤེས་རབ་ལས་མཚན་ཉིད་ལ་སོགས་པའི་ཆོས་སྐོར་རྣམས་མཁས་པར་སྦྱངས། ལྷག་པར་དུ་ཕར་ཕྱིན་ལ་མཁས་ལ་པའི་མཆོག་ཏུ་གྱུར། སྐྱེགས་གནས་རྙིང་དང་། གཞན་རྣམས་སུའང་ཆོས་གཞི་བཟུང། ཤེས་མདོ་དང་བསྟན་བཅོས་གཉིས་ཀའི་སྟེང་ནས་འཆད་ཉན་རྒྱ་ཆེར་མཛད། འཆད་ཉན་མཛད་པ་དེ་ནི་བསྟན་པ་སྔ་དར་གྱི་ཕ་རོལ་ཏུ་ཕྱིན་པའི་བཤད་རྒྱུན་ཁམས་སུ་འཕོས་པ་ལས་བྱུང་བ་ཡིན། སློབ་མ་མང་པོ་ལས་བཤད་པའི་རྒྱུན་གྱི་གཙོ་བོ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་བཟུང་། རྔོག་བློ་ལྡན་ཤེས་རབ་ཀྱི་བུ་ཆེན་ཐུགས་སྲས་བཞིའི་ཡ་གྱལ་ཞིག་ཡིན། གསུང་རྩོམ་ནི་ཕར་ཕྱིན་གྱི་འགྲེལ་བ་དང་། ཉི་ཁྲིའི་འགྲེལ་བ། མདོ་སྡུད་པའི་འགྲེ་བ་བཅས་དཀར་ཆག་ཁག་ཏུ་བཤད།

{{#arraymap:འབྲེ་ཤེས་རབ་འབར་

|; |@@@ | | }}