69106

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲེལ་བ་ངེས་བྱེད་ (1)
Part of speech མིང་ཚིག
Definition ཚད་མའི་སྟོབས་ཀྱིས་བསྐྱེད་པ་ཡི། །གཞན་སེལ་ངེས་པའི་བདག་ཉིད་ཅན། །འཁྲུལ་པས་དངོས་པོ་གཅིག་ཉིད་དུ། །རྟོག་དཔྱོད་དེ་ཡི་འབྲེལ་བ་ངེས། །ཚད་མའི་རྗེས་ལ་སྐྱེས་པའི་ངེས་པ་རྟོག་དཔྱོད་ཀྱི་ངོ་བོས་འབྲེལ་བ་ངེས་པ་ཡིན་ནོ། །དཔྱོད་པ་ནི། དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དཔྱོད་པ་མེད་པར་འཇུག་ལྡོག་མི་ངེས་ལ་ཚད་མ་མེད་ན་དཔྱོད་པ་འཁྲུལ་སྲིད་པས་འབྲེལ་བ་ངེས་པ་ལ་གཉིས་ཀ་དགོས་སོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །
Domain ཚད་མ།

{{#arraymap:འབྲེལ་བ་ངེས་བྱེད་

|; |@@@ | | }}