69113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲེལ་བ་བརྟག་པ་ (1)
Part of speech མིང་ཚིག
Definition ཚད་མ་སྡེ་བདུན་གྱི་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ཡི་ནང་ཚན། ཚུལ་གསུམ་གྱི་གཏན་ཚིགས་དེ་ཡང་ངེས་པར་འབྲེལ་བ་ལ་རག་ལས་པས་གཞན་ལུགས་བྱེ་བྲག་པ་ལྟ་བུས་འབྲེལ་བ་རྫས་གྲུབ་ཏུ་འདོད་པའི་ལོག་རྟོག་བསལ་ནས་འབྲེལ་བའི་ངོ་བོ་དང་གྲངས་སོགས་ཀྱི་རྣམ་གཞག་གཏན་ལ་འབེབས་པའི་དཔལ་ཆོས་ཀྱི་གྲགས་པའི་གཞུང་། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། འབྲེལ་བ་རྫས་གྲུབ་འདོད་པ་སོགས་ཀྱི་ལོག་རྟོག་བསལ་ནས། འབྲེལ་བའི་ངོ་བོ་དང་གྲངས་ངེས་སོགས་སྒྲུབ་པའི་ཕྱིར་དུ་འབྲེལ་བ་བརྟག་པ་གསུངས་ཤིང་། ཞེས་གསུངས་སོ། །
Domain ཚད་མ།

{{#arraymap:འབྲེལ་བ་བརྟག་པ་

|; |@@@ | | }}