69156
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གཅིག་པའི་མགོར་འཁྲུངས། བོད་ནས་ཐོག་མར་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། བལ་ཡུལ་དང་རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་བསྟེན། མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན། ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་སྟག་རྣའི་མདོ་བམ་པོ་གཉིས་པ་དང་། བསྟན་འགྱུར་ལས་ཀྱེ་རྡོ་རྗེ་བསྡུས་དོན་གྱི་རྒྱ་ཆེར་འགྲེལ་བ་ལེའུ་ལྔ་བ་ཡན་ཆད། མཐའ་བྲལ་རྟོགས་པའི་ཤེས་རབ་སྟོན་པ་དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ཉི་ཤུ་བ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་བའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་བ་ཤོ་ལོ་ཀ་སྟོང་ཕྲག་བཞི་བརྒྱ། མངོན་རྟོགས་རྒྱན་སྡུད་པ་དང་སྦྱར་བའི་འགྲེལ་བ་ཤོ་ལོ་ཀ་ཉིས་སྟོང་ཆིག་བརྒྱ་བ། རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ། ལྷན་ཅིག་དམིགས་པ་ངེས་པར་གྲུབ་པ་བཅས་བཞུགས། |
{{#arraymap:འབྲོ་སེང་དཀར་ཤཱཀྱ་འོད་
|; |@@@ | | }}