69172
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བརྒྱད་པའི་དཀྱིལ་དུ་འཁྲུངས། སློབ་དཔོན་པདྨ་འབྱུང་གནས་ལས་དབང་ཞུ་དུས་མེ་ཏོག་བླ་མེད་ཧེ་རུ་ཀའི་དཀྱིལ་འཁོར་ལ་ཕོག་སྟེ་སྲིད་པ་མ་མོའི་བཀའ་བབས་ཡིན་ཞིང་། སྲིད་པ་བདེ་འགྲོའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས། སྣང་སྲིད་མ་མོ་ཐམས་ཅད་བྲན་དུ་བཀོལ། ལོ་ཙཱ་བ་ལ་ཡང་མཁྱེན་པས་མ་མོའི་རྒྱུད་སོགས་བོད་ཡིག་ཏུ་བསྒྱུར། ཡར་སྟོད་ཤམ་པོ་གངས་རི་སོགས་སུ་ཕེབས། སྒོམ་སྒྲུབ་ཉམས་ལེན་འབུངས། གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན། |
{{#arraymap:འབྲོག་མི་དཔལ་གྱི་ཡེ་ཤེས་
|; |@@@ | | }}