69174

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲོག་མི་ཤཱཀྱ་བློ་གྲོས་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ནང་དུ་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་མནོས། འདུལ་གཞུང་སོགས་ཐུགས་བརྩོན་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་བསྟེན། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ཡིག་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་མདོ་མང་གི་སྐོར་ལས་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་ཆོས་བཞི་བསྒྲུབ་པའི་མདོ་དང་། འཕགས་པ་ཆོས་རྒྱ་མཚོའི་མདོ། འཕགས་པ་ཆོས་ཀྱི་རྒྱལ་མོ། ལྟུང་བ་སྡེ་ལྔའི་དགེ་མི་དགེའི་འབྲས་བུ་བརྟག་པའི་མདོ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོགས་པ་སུམ་ཅུ་རྩ་དྲུག་པ། བསྟན་འགྱུར་ལས་དཀོན་མཆོག་གསུམ་གྱི་བསྟོད་པ། བརྒྱ་ལྔ་བཅུ་པའི་བསྟོད་པ། སྒྲོན་མ་གསལ་བ་མདོར་བཤད་པའི་ས་བཅད་སྙིང་གི་མེ་ལོང་། རྣལ་འབྱོར་བའི་རྟོག་པའི་གེགས་སེལ་བ། དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ། ཤེས་རབ་བརྩམ་པ་དུས་ཀྱི་གཏམ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས། མངོན་རྟོགས་རྒྱན་གྱི་ཚིག་ལེའུ་བྱས་པའི་འགྲེལ་བ། མངོན་རྟོགས་རྒྱན་བརྒྱད་སྟོང་པ་དང་སྦྱར་ནས་སེམས་ཙམ་དུ་སྟོན་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་པའི་དཀའ་འགྲེལ་སྙིང་པོ་མཆོག་ཤོ་ལོ་ཀ་སྟོང་ཕྲག་བརྒྱད་པ། སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ། ཡན་ལག་བརྒྱད་པའི་སྙིང་པོ། ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་བའི་སྨད་དུམ་ཤོ་ལོ་ཀ་སྟོ་ཕྲག་བཅུ་གཉིས་དང་ལྔ་བརྒྱ་ཡོད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་སརྦ་ཎིའི་སྒྲུབ་ཐབས་བཅས་བཞུགས།

{{#arraymap:འབྲོག་མི་ཤཱཀྱ་བློ་གྲོས་

|; |@@@ | | }}