69175
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་གོང་གི་ཆུ་སྦྲུལ་ཕྱི་ལོ ༩༩༣ ལོར་མང་མཁར་དུ་འཁྲུངས། རབ་བྱུང་དང་པོའི་ཤིང་སྟག་ཕྱི་ལོ ༡༠༧༤ ལོར་སྐུ་གཤེགས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་སོགས་མཁྱེན། ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། རྒྱ་ཤཱཀྱ་གཞོན་ནུ། སེ་ཡེ་ཤེས་བརྩོན་འགྲུས། ཉང་རྡོ་རྗེ་རྒྱལ་མཚན་བཞི་ལས་རབ་ཏུ་བྱུང་། འདུལ་གཞུང་སོགས་ཐུགས་བརྩོན་མཛད། རྒྱ་གར་དང་བལ་ཡུལ་སོགས་སུ་ལོ་བཅུ་གསུམ་རིང་ཐོས་བསམ་གནང་། གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས། དེ་ནི་ས་སྐྱའི་ཆོས་རྒྱུད་ཀྱི་ཆུ་མགོ་ཡིན། ང་གཉིས་པ་རབ་བྱུང་དང་པོའི་ཆུ་ལུག་ཕྱི་ལོ ༡༠༤༣ ལོར་རང་ཡུལ་མང་མཁར་དུ་མྱུ་གུ་ལུང་ཕྱག་བཏབ། སློབ་མའི་གཙོ་བོ་མན་ངག་ཚང་བ་གསུམ་དང་། རྒྱུད་ཚར་བ་ལྔ། གྲུབ་ཐོབ་བདུན་སོགས་བྱོན། ལེགས་སྦྱར་གྱི་སྐད་ཡིག་ལ་ཡང་ཤིན་ཏུ་མཁས། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་བཤད་རྒྱུད་ཐུན་མོང་བ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་བརྟག་པ་བཅུ་བ་དང་། དཔལ་གསང་བ་རྡོ་རྗེའི་རྒྱུད་ལེའུ་བཞི་པ། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་རིན་ཆེན་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་གསང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་འབར་བའི་རྒྱུད་ཀྱི་རྒྱལ་པོ། རྣལ་འབྱོར་མ་ཟླ་བའི་ཕྲེང་བ། བསྟན་འགྱུར་ལས་མངོན་པར་རྟོགས་པའི་རིམ་པ། དུར་ཁྲོད་བརྒྱད། དཔལ་དཔའ་བོ་གཅིག་པའི་སྒྲུབ་ཐབས། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཡན་ལག་དྲུག་པ། འབྱུང་པོ་ཐམས་ཅད་པའི་གཏོར་མ། བདག་མེད་མའི་སྒྲུབ་ཐབས་རྒྱས་པར་བསྟན་པ་བཅས་ཆོས་ཚན་དྲུག་ཅུ་རེ་བདུན་བཞུགས། |
{{#arraymap:འབྲོག་མི་ཤཱཀྱ་ཡེ་ཤེས་
|; |@@@ | | }}