69192

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲོག་སྟོན་རལ་བའི་ལུགས་ (1)
Part of speech མིང་ཚིག
Definition མཁས་པ་ཁྱུང་ནག་ལ་བརྒྱ་འདྲེ་རྡེའུ་བརྒྱ་ཕྲག་གཅིག་གི་རྡེའུ་འབོར་ལུགས་མི་འདྲ་བའི་ཕྱག་ལེན་རྣམ་གཉིས་ཡོད་པའི་གཅིག་སྟེ། མི་འགྱུར་ཀླུང་ལྔ་ལས་མའི་བབས་པའི་སྤར་སྨེ་གཉིས་ཀྱི་ཁམས་ལ་བརྩི་བྱའི་འཐབ་བྱེད་དག་གིས་སྔར་བཞིན་འཐབ་ཅིང་། གཞན་གསུམ་གྱི་སྲོག་ལུས་དབང་ཀླུང་བཞིའི་རང་ལ་བརྩི་བྱའི་དེ་བཞིའི་རང་དང་། དེ་གསུམ་གྱི་དབང་ཐང་ཁོ་ནར་བརྩི་བྱའི་སྲོག་སོགས་ཀྱི་མ་བུ་དགྲ་གྲོགས་བཞིས་འཐབ་ནས་རྡེའུ་འབོར་ལུགས་ལ་ཟེར་ཞིང་། འདི་ཡི་དབང་ཐང་ཇི་ལྟ་བུར་མ་བུ་གྲོགས་དགྲའི་འཐབ་ཡུལ་མི་འགྱུར་ཀླུང་ལྔའི་སྲོག་གིས་བྱེད་པ་ནི་རྒྱ་རྩིས་རྙིང་མའི་ལུགས་ཡིན།
Domain རྩིས་རིག

{{#arraymap:འབྲོག་སྟོན་རལ་བའི་ལུགས་

|; |@@@ | | }}