From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འབྲོང་ (1)
| Part of speech
|
མིང་ཚིག
|
| Definition
|
མིས་བདག་ཏུ་མ་བཟུང་བར་རི་དང་སྤང་ཐང་དུ་རང་གར་འཚོ་བའི་རི་དྭགས་ཀྱི་རིགས་ཕོ་རྭ་མོ་རྭ་ཅན་ཞིག་སྟེ། གཟུགས་སྟོབས་གཡག་ལས་ཆེ་ལ་དབྱིབས་གཡག་དང་འདྲ། སྤུ་མདོག་བྲེ་བོ་མཆུ་སྐྱ་ཞད་ཅན། སུག་བཞི་སྤོམ་ལ་ཅུང་ཐུང་བ། རྨིག་པ་ཆེ་བ་དང་། ཨོལ་མ་དང་སྦོ་གཤམ་གྱི་རྩིད་པ་ནག་པོ་རྩུབ་ཅིང་རིང་བ་དང་། རྔ་མ་ནག་པོ་གཤམ་གྱི་རྩིད་པ་དང་མཉམ་པ། ཁུ་ལུ་མཐུག་པོ་སྐྱེས་པ་འཇམ་ལ་ཅུང་ཐུང་བ། རྭ་སྤོམ་ཞིང་རིང་ཚད་འདོམ་གང་ཙམ་ཡོད་པ། མོའི་རྭ་ཕོ་ལས་ཕྲ་ལ་གཟུགས་སྟོབས་ཀྱང་ཕོ་ལས་ཆུང་བ་ཡོད། སྤྱིར་བཏང་ཁྱུ་བྱས་ནས་རྒྱུ་བ་མང་ལ། འབྲི་གཡག་མཉམ་དུ་སྡོད་པའང་ཡོད། འཁྱགས་གྲང་ལ་མི་འཇིགས་ཤིང་ཟས་སུ་རྩྭ་རིགས་ཟ་བ་དང་དབྱར་དུས་ཆུ་འཐུང་ལ་དགུན་དུས་འཁྱགས་པ་ཟ། ལོ་གཉིས་ནས་གཟུགས་ཚད་ལོངས་བའི་མཐོ་སྒང་གི་སྲོག་ཆགས་ཁྱད་པར་བ་ཞིག་ཡིན།
|
| Keyword
|
True
|
འབྲོང་ (1)
| Part of speech
|
བྱ་ཚིག
|
| Definition
|
འབྲང་གི་འབྲི་ཚུལ་གཞན།
|
| Transitive
|
བྱ་བྱེད་ཐ་མི་དད་པ།
|
འབྲོང་ (2)
| Part of speech
|
བྱ་ཚིག
|
| Definition
|
ཉེ་བར་བསྟེན་པའི་དོན།
|
| Example
|
བཤེས་སྤྲིངས་ལས། མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང༌། །རྣམ་པར་མཛེས་ཚལ་སོན་པར་བརྩེས་ནས་སླར། །ཞེས་དང༌། འདིའི་ཚིག་འགྲེལ་ཙོང་ཁ་པས་མཐོ་རིས་ཞེས་བུ་མོས་འབྲོངས་པ་ནི་ལྷའི་བུ་མོས་བསྟེན་པའོ། །ཞེས་གསུངས་པ་ལྟར་རོ། །
|
| Type
|
བརྡ་རྙིང་།
|
| Transitive
|
བྱ་བྱེད་ཐ་དད་པ།
|
| Future
|
[འབྲོང་།]
|
| Present
|
[འབྲོང་།]
|
| Past
|
[འབྲོངས།]
|
| Imperative
|
[འབྲོངས།]
|