692
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བརྒྱད་པའི་ཤིང་ཁྱི་ཕྱི་ལོ ༡༤༥༤ ལོར་མདོ་ཁམས་ཏྲེ་ཤོད་དུ་ཡབ་གྲུབ་ཐོབ་གྲགས་པ་དཔལ་གྲུབ་དང་། ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཟླ་ངོ་དགུ་པར་སྒར་ཆེན་འཛམ་གླིང་རྒྱན་ཆེན་གྱི་ཁྲིར་བཞུགས། མཚན་ལ་རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཞེས་སྩལ། ཀརྨ་དགོན་དུ་གོ་ཤྲཱི་རིན་པོ་ཆེས་དགེ་བསྙེན་གྱི་སྡོམ་པ་ཕུལ། བཅུ་གཉིས་པར་ཀུན་མཁྱེན་འཇམ་དཔལ་བཟང་པོ་ལས་རབ་ཏུ་བྱུང་། མཚན་ལ་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། སྤུངས་རི་སོགས་ས་གནས་མང་པོར་བྱོན། བྱིན་རླབས་དང་རྫུ་འཕྲུལ་ངོ་མཚར་ཅན་ཤ་སྟག་མཛད། གོང་མ་ཆིང་ཧྭའི་ལུང་གིས་དབུ་ཞྭ་དང་། མུ་ཏིག་སྣམ་སྦྱར། གསེར་བྲེ་ཆེན། གོས་དར་སོགས་ཀྱི་འབུལ་བ་ཡང་འབྱོར། ཀརྨ་གྲྭ་ཚང་གི་བཤད་གྲྭ་ཐོག་མར་བཙུགས། འབྲི་གུང་མཐིལ་དུ་ཕེབས། ཟབ་ཆོས་ཅི་རིགས་དང་ཕྱག་ཆེན་ཆོས་དྲུག་གི་དབང་ཁྲིད་དང་། སྒྲུབ་སྡེ་འཛུགས་པ། ཆོས་ཁྲིམས་བསྡམས་པ་སོགས་ཀྱིས་འབྲི་གུང་གི་བསྟན་པ་སླར་གསོ་མཛད། སྤོ་བོར་བྲེ་མོ་ཆུ་མདོ་ལ་རྣམ་རྒྱལ་གླིང་གི་དགོན་པ་གསར་ཏུ་བཏབ། སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པ་ཡང་གསུངས། སྐུ་ཚེ་གང་བོར་རྒྱ་དཀར་ནག་སོགས་ཀྱི་སྐྱེ་བོ་མཆོག་དམན་ཀུན་ལ་ཆོས་སྦྱིན་མཛད། རབ་བྱུང་བརྒྱད་པའི་མེ་སྟག་ཕྱི་ལོ ༡༥༠༦ ལོར་སྐུ་གཤེགས། སློབ་མ་གཙོ་བོ་ནི་ཞྭ་དམར་ཆོས་གྲགས་ཡེ་ཤེས་དང་། གྲུབ་ཆེན་སངས་རྒྱས་མཉན་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། ཀརྨ་འཕྲིན་ལས་པ་བཅས་ཡིན། གསུང་རྩོམ་ནི་ཚད་མ་རིག་གཞུང་རྒྱ་མཚོ་དང་། མངོན་རྟོགས་རྒྱན་འགྲེལ་འཇིག་རྟེན་གསུམ་གྱི་སྒྲོན་མེ། འདུལ་བ་གཞི་གསུམ་གྱི་ཆོ་ག གསང་འདུས་མི་བསྐྱོད་པའི་མངོན་རྟོགས་བསྟོད་ཚོགས་བཅས་མང་། ཀརྨ་པ་སྐུ་ཕྲེང་བདུན་པ་ཡིན། མཚན་གཞན། རང་བྱུང་ཀུན་མཁྱེན་ཆོས་རྒྱལ་པོ། ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ། |
{{#arraymap:ཀརྨ་པ་ཆོས་གྲགས་རྒྱ་མཚོ་
|; |@@@ | | }}