69200
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ངོམ་རྒྱལ་མཚོ་བཀྲའི་རི་ཞོལ་དུ་གནས་ཤིང་འབྲོང་སྲིན་གདུག་པ་ཅན་གནས་པ་ལ་གུ་རུ་རིན་པོ་ཆེ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས་འབྲོང་སྲིན་བཏུལ་ཞིང་གྲོ་ལོད་ཀྱི་གནས་ཁྱད་པར་ཅན་དུ་བྱིན་གྱིས་རླབས་པའི་རྟགས་ད་ལྟ་གྲོ་ལོད་ཀྱི་སྒྲུབ་ཕུག་དང་སྟག་གི་ཞབས་རྗེས། གྲོ་ལོད་ཀྱི་སྐུ་རང་བྱོན་སོགས་ངོ་མཚར་ཅན་མང་པོ་མཇལ་རྒྱུ་ཡོད་ལ། སེང་གེ་གནམ་མཆོངས་ཀྱང་ཟེར། རི་ཁྲོད་འདི་ནི་རྗེ་དྲུང་བྱམས་པ་འབྱུང་གནས་ཀྱི་སྐུ་དུས་སུ་རྙིང་མ་གྲྭ་ཚང་གི་བླ་མ་ཚེ་རིང་མགོན་པོའི་དུས་སུ་བཞེངས་པར་གྲགས་ལ། བླ་མ་ཀརྨ་བཀྲ་ཤིས་དང་། ཀ་རི་རྣམ་རྒྱལ་མགོན་པོ། འདི་ཡི་དུས་སུ་རིག་གསར་གྱི་དུས་འགྱུར་བྱུང་ཞིང་དགོན་པ་གཞན་དང་འདྲ་བར་རྩ་མེད་དུ་སོང་། སླར་ཡང་བསྟན་པ་དར་བའི་སྐབས་བླ་མ་ཁ་སྤྲུལ་དང་། བུ་ནེ་བླ་མ་བཀྲ་དགའ། མ་གྲོ་ཀུན་བཟང་ཉི་མ་སོགས་ཀྱིས་བསྐྱངས། |
{{#arraymap:འབྲོང་ཉིན་རྡོ་བྲག་ཁ་རི་ཁྲོད་
|; |@@@ | | }}