69205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲོང་ཞི་ལེགས་ (1)
Part of speech མིང་ཚིག
Definition ཕྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ནང་ཡབ་རྒྱལ་པོ་གུ་རུ་ལེགས་དང་། ཡུམ་གུར་སྨན་གཉིས་ཀྱི་སྲས་སུ་འཁྲུངས། དབོན་གསས་གུ་རུབ་བཙན་དོ་མི་སེར་བསྟེན། ལྷ་བོན་ཅོ་སྙན་རིང་གིས་མཛད། གསས་ཁང་རིན་ཆེན་ཟུར་མང་དང་། སྐུ་མཁར་ཁྲི་རྩེ་བཞེངས། བཙུན་མོ་མཚོ་སྨན་འབྲོང་མོ་ཁབ་ཏུ་བཞེས། ཐི་ཤོ་ལེགས་སྲས་སུ་འཁྲུངས། བང་སོ་གཡའ་སྤང་མཚམས་སུ་བཏབ། བར་གྱི་ལེགས་དྲུག་གི་བཞི་པ་ཡིན།

{{#arraymap:འབྲོང་ཞི་ལེགས་

|; |@@@ | | }}