69208

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲོང་རི་དགོན་ (1)
Part of speech མིང་ཚིག
Definition ཁམས་གཙང་གཏེར་སྟོན་གྱིས་རབ་བྱུང་བཅོ་ལྔའི་ནང་བཏབ། སྔོན་ནག་སྒར་ཞིག་ཡིན། དེ་རྗེས་རིམ་བཞིན་ཕྱུག་ཤུལ་སེམས་ཉིད་རྡོ་རྗེ་དང་། མཁན་བདེ་ལྡན། མཁན་མགོན་པོ་ཚེ་རིང་སོགས་ཀྱིས་གདན་ས་འདི་བསྐྱངས་ནས་སྔོན་འགྲོ་བློ་སྦྱོང་སོགས་ཀྱི་ཁྲིད་དང་། དུས་མཆོད་ཞི་ཁྲོ་སྒྲུབ་ཆེན་མགོན་པོ་ཟླ་སྒྲུབ་སོགས་ཀྱི་རྒྱུན་བཙུགས། དེ་ནས་དུས་འགྱུར་སྐབས་སུ་དགོན་འདི་ཡང་ཉམས་རྒུད་སྣ་ཚོགས་བྱུང་བས་མིང་གི་ལྷག་མ་ཙམ་དུ་གྱུར། སླར་ཡང་རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་ལོར། འཇིགས་མེད་ཕུན་ཚོགས་མཆོག་གི་བཀའ་བཞིན་བླ་མ་ཚེ་ལྡན་མཆོག་གིས་བསྐྱར་བཞེངས་གནང་། སྐྱབས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གིས་ཞབས་བརྟན་རྟག་བརྟན་གླིང་ཞེས་མཚན་གསོལ། ཇོ་སེར་གཉིས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པ་སོགས་གསར་བཞེངས་བྱས།

{{#arraymap:འབྲོང་རི་དགོན་

|; |@@@ | | }}