69209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲོང་རྩེ་ཚུལ་ཁྲིམས་ཆོས་འཕེལ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ལྕགས་བྱ་ཕྱི་ལོ ༡༥༦༡ ལོར་གཙང་གི་ཉང་འབྲོང་རྩེར་འཁྲུངས། ཆུང་དུས་ནས་འབྲོང་རྩེ་ཆོས་སྡེར་རབ་ཏུ་བྱུང་། བཀྲ་ཤིས་ལྷུན་པོར་སློབ་གཉེར་མཛད། དབུས་གྱི་སེར་བྱེས་གྲྭ་ཚང་དུ་ཞུགས། མདོ་སྔགས་གཞུང་ཆེན་ལེགས་པར་སྦྱངས། རབ་འབྱམས་པའི་གྲྭ་སྐོར་མཛད། བྱང་རྩེ་གྲྭ་ཚང་གི་འཆད་ཉན་པ་དང་། གསང་སྔགས་མཁར་རི་བོ་བདེ་ཆེན་སོགས་ཀྱི་མཁན་པོ་མཛད། ལྕང་ལོ་ཅན་དུ་བཞུགས་པས་ལྕང་ལོ་ཅན་པར་གྲགས། དྲུག་ཅུ་པར་རབ་བྱུང་བཅུ་པའི་ལྕགས་སྤྲེལ་ཕྱི་ལོ ༡༦༢༠ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་ངོ་བཞི་རིང་བསྐྱངས། མདོ་སྔགས་འཆད་ཉན་མཛད། རེ་གསུམ་པ་རབ་བྱུང་བཅུ་པའི་ཆུ་ཕག་ཕྱི་ལོ ༡༦༢༣ ལོར་སྐུ་གཤེགས། དངུལ་གདུང་བྱང་ཆུབ་མཆོད་རྟེན་བཞེངས། ལི་མ་ལྷ་ཁང་གི་ཤར་གྱི་གཙོ་བོའི་གཡོན་གཉིས་པར་བཞུགས། དུས་མཆོད་ཀྱང་ལེགས་པར་ཚུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབ་སོ་གཉིས་པ་ཡིན། ལྕང་ལོ་ཅན་པ།

{{#arraymap:འབྲོང་རྩེ་ཚུལ་ཁྲིམས་ཆོས་འཕེལ་

|; |@@@ | | }}