69210
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་བཞི་པའི་མཇུག་དུ་གཙང་གི་འབྲོང་རྩེ་ཞེས་པར་བཙན་པོའི་གདུང་བརྒྱུད་དུ་འཁྲུངས། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་ཐུགས་བརྩོན་མཛད། བྱེ་བྲག་གསོ་རིག་གཞུང་སྦྱངས་པ་མཛད། རྩ་བའི་ཕྱག་བཞེས་ནི་སྟོད་བརྒྱུད་དྲི་མ་མེད་པ་ཡིན། གསུང་རྩོམ་ནི་འབྲོང་རྩེའི་བུའི་བུམ་ཆེན་མོ་དང་། དབུ་མའི་ལྟ་བའི་ཡིག་ཅུང་། ནད་གདོན་དབྱུག་པའི་མན་ངག ཞལ་ཤེལ་མན་ངག་གི་ཡིག་ཆུང་། གཤིན་པོ་རྗེས་སུ་བཟུང་བའི་ཆོ་ག་ངན་སོང་གི་སྒོ་འགོག་ཐར་བའི་ལམ་སྟོན། འཇིགས་བྱེད་བསྐྱེད་རིམ་དངོས་གྲུབ་གཏེར་མཛོད། འཇིགས་བྱེད་རྫོགས་རིམ་དངོས་གྲུབ་རྒྱ་མཚོ་བཅས་ཆོས་ཚན་ཉི་ཤུ་བཞུགས། མཚན་གཞན། བློ་གྲོས་དཔལ་བཟང་། འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོ། |
{{#arraymap:འབྲོང་རྩེ་ལྷ་སྲས་
|; |@@@ | | }}