69225

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་འབྲུག་ཕྱི་ལོ ༡༠༠༤ ལོར་དབུ་རུ་བྱང་ཕྱོགས་ཀྱི་སྟོད་ལུང་ཕུའི་རྩ་སྐྱེ་མོར་ཡབ་སྐུ་གཤེན་ཡག་གཞེར་འཕེན་དང་། ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ཆོས་འཕེལ་བཏགས། དགེ་བཤེས་གཡུང་ཆོས་མགོན་ལས་ཡི་གེའི་འབྲི་ཀློག་བསླབས། རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་རྒྱལ་བའི་འབྱུང་གནས་ཞེས་གསོལ། དགུང་ལོ་བཅུ་དགུ་པར་གྲུམ་གྱི་མཁན་བུ་ཆེན་པོ་སེ་བཙུན་ལས་དབུ་མ་དང། སྤྱོད་ཕྱོགས། སྔགས་རྙིང་མ་སོགས་སྦྱངས། པཎྜི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་། སཾསྐྲྀ་ཏའི་སྐད་ལ་བསླབས། སོ་བརྒྱད་པར་ཕྱི་ལོ ༡༠༤༢ ཁམས་ནས་མངའ་རིས་སུ་ཇོ་བོ་རྗེ་མཇལ་དུ་ཕེབས། སྤུ་ཧྲངས་སུ་ཇོ་བོ་བླ་མར་བསྟེན། བཀའ་ཆོས་མང་དུ་གསན། ཇོ་བོ་དབུས་གཙང་དུ་གདན་དྲངས ང་བཞི་པ་ཕྱི་ལོ ༡༠༥༧ འཕྲང་ཁ་བེར་ཆུང་གིས་སྦྱིན་བདག་གཙོ་བོ་བྱས་ཏེ་རྭ་སྒྲེང་དགོན་པ་ཕྱག་བཏབ། ཇོ་བོའི་སྐུ་གདུང་དངུལ་གྱི་མཆོད་རྟེན་དུ་བཞེངས། ཇོ་བོའི་སློབ་མ་རྣམས་བསྐྱངས། བཀའ་གདམས་བསྟན་པའི་བདག་པོར་གྱུར། དགེ་བསྙེན་ཡིན་ཡང་བསླབ་ཁྲིམས་དགེ་སློང་ལས་ཀྱང་ལྷག་པར་མཛད། རེ་གཅིག་པ་རབ་བྱུང་དང་པོའི་ཤིང་འབྲུག་ཕྱི་ལོ ༡༠༦༤ ལོར་རྭ་སྒྲེང་དུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་པོ་ཏོ་བ་རིན་ཆེན་གསལ་དང་། སྤྱང་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་བཅས་ཡིན། གསུང་རྩོམ་ནི་མི་ཆོས་གནད་ཀྱི་ཕྲེང་བ་ལྟ་བུ་བསླབ་བྱའི་སྐོར་དང་། ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ་ལྟ་བུ་བསྟོད་ཚོགས་ཀྱི་སྐོར་དང་། ས་དཔྱད། ལོ་རྒྱུས། རྣམ་ཐར། བཅའ་ཡིག འཕྲིན་ཡིག་བཅས་བསྟན་བཅོས་མང་པོར་བཞུགས། བརྒྱད་སྟོང་པ་དང་། བརྒྱད་སྟོང་འགྲེལ་ཆེན། འགྲེལ་ཆུང་། ཉི་ཁྲི་སྣང་བ་ལ་སོགས་པའི་མདོ་ཕྱོགས་ཀྱི་སྐོར་དང་། ཡེ་ཤེས་གྲུབ་པ་ལ་སོགས་པའི་སྔགས་ཕྱོགས་ཀྱི་སྐོར་ལ་འགྱུར་བཅོས་དང་ཞུས་དག་མང་དུ་མཛད། མཚན་གཞན། ཆོས་འཕེལ། རྒྱལ་བའི་འབྱུང་གནང་། དགེ་བཤེས་སྟོན་པ།

{{#arraymap:འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་

|; |@@@ | | }}