From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འམ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་འ་དང་མཐའ་མེད་ཀྱི་རྗེས་སུ་འམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
མངར་གསུམ་ནི། ཀ་རའམ། བུ་རམ་མམ། སྦྲང་རྩིའོ་ལྟ་བུ།
|
འམ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅི་ཏུ་སྡུད་པ་སྟེ། སྦྱོར་ཚུལ་འ་དང་མཐའ་མེད་ཀྱི་རྗེས་སུ་འམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཀ་རའམ། བུ་རམ་མམ། སྦྲང་རྩི་ནི་དཀར་གསུམ་མོ་ལྟ་བུ།
|
འམ་ (3)
| Part of speech
|
ཕྲད་ཚིག
|
| Definition
|
འདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་འ་དང་མཐའ་མེད་ཀྱི་རྗེས་སུ་འམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
གྲྭ་པའམ་མི་སྐྱའང་རུང་སྟེ་ཤེས་ཡོན་ཅན་ཞིག་དགོས་སོ་ལྟ་བུ།
|
འམ་ (4)
| Part of speech
|
ཕྲད་ཚིག
|
| Definition
|
དྲི་བ་སྟོན་པ། དོན་གང་ཡིན་མ་ངེས་པའམ་བློ་གཉིས་སུ་ཕྱོགས་ཏེ་ཐེ་ཚོམ་ཟ་བ་སོགས་དྲི་བའི་དོན་ལ་འཇུག་པ་སྟེ། སྦྱོར་ཚུལ་འ་དང་མཐའ་མེད་ཀྱི་རྗེས་སུ་འམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཁྱོད་ང་ལ་སེམས་གཏིང་ནས་དགའ་འམ་ལྟ་བུ།
|