From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཚལ་ (1)
| Part of speech
|
སྒྲུབ་ཚིག
|
| Definition
|
བྱེད་འབྲེལ་ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་བྱ་བ་དེ་བྱེད་པར་སྐུལ་བའི་དོན་ལ་འཇུག་སྟེ།
|
| Example
|
གཞོན་དུས་རིག་པའི་གནས་ལ་སློབ་པར་འཚལ་ལྟ་བུ།
|
འཚལ་ (2)
| Part of speech
|
སྒྲུབ་ཚིག
|
| Definition
|
བྱ་བ་གང་ཞིག་བྱེད་ཆོག་པའམ་རུང་བའི་དོན་ལ་འཇུག་སྟེ།
|
| Example
|
གནས་ལུགས་ཡོད་ན་རྒྱུ་མཚན་བཤད་འཚལ་ལྟ་བུ།
|
| Type
|
བརྡ་རྙིང་།
|
འཚལ་ (3)
| Part of speech
|
སྒྲུབ་ཚིག
|
| Definition
|
རེ་འདོད་ཡོད་པའི་དོན་ཏེ།
|
| Example
|
ཐུགས་རེ་བཞིན་འགྲུབ་པར་འཚལ་ལྟ་བུ།
|
| Type
|
བརྡ་རྙིང་།
|
འཚལ་ (4)
| Part of speech
|
སྒྲུབ་ཚིག
|
| Definition
|
བྱ་བ་གང་ཞིག་བྱེད་དགོས་པའི་དོན་ཏེ།
|
| Example
|
སྐོམ་ན་ཆུ་འཐུང་འཚལ་ལྟ་བུ།
|
| Type
|
བརྡ་རྙིང་།
|
འཚལ་ (5)
| Part of speech
|
སྒྲུབ་ཚིག
|
| Definition
|
དགོས་པའི་དོན་ལ་འཇུག་སྟེ།
|
| Example
|
བེའུ་བུམ་སྔོན་པོའི་འགྲེལ་པ་ལས། འཆི་བ་དེ་སྒོམ་མི་འཚལ་བར་འོང་མཆི་ཡི་ཟེར་ནས། བཀྱོན་སྐད་དེ། བཀྱོན་མཁན་ཀུན་ལ་ནི་འཆི་བ་འོང་འོང་ཡེ་མི་འདྲ་བ་འདུག་ན། ཞེས་པ་ལྟ་བུའོ། །
|
འཚལ་ (6)
| Part of speech
|
སྒྲུབ་ཚིག
|
| Definition
|
འདོད་པའི་དོན་ལ་འཇུག་སྟེ།
|
| Example
|
ཟ་མ་ཏོག་བཀོད་པའི་མདོ་ལས། བརྩོན་འགྲུས་བྱ་བར་འདོད་དམ་ཞེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་བདག་འཚལ་ལེགས་སོ། །ཞེས་པ་ལྟ་བུའོ། །
|
འཚལ་ (1)
| Part of speech
|
བྱ་ཚིག
|
| Definition
|
ཤེས་པའི་དོན།
|
| Example
|
འདུལ་བ་ལུང་གཞི་ལས། དེ་ལ་ཁྱེའུ་བཙའ་བར་འགྱུར་རམ། འོན་ཏེ་བུ་མོར་འགྱུར་རམ། ཅི་མ་མཆིས་པར་འགྱུར་སུ་འཚལ། ཞེས་པ་ལྟ་བུའོ། །
|
| Type
|
བརྡ་རྙིང་།
|
| Transitive
|
བྱ་བྱེད་ཐ་དད་པ།
|
| Verb Form
|
གཟུགས་མི་འགྱུར་བ།
|
འཚལ་ (2)
| Part of speech
|
བྱ་ཚིག
|
| Definition
|
ཟ་བའི་དོན་ལ་འཇུག་སྟེ།
|
| Example
|
འདུལ་བ་ལུང་གཞི་ལས། མིག་གཡས་པ་ཞར་བར་ཇི་ལྟར་ཤེས། གཡོན་ཕྱོགས་སུ་རན་འཚལ་ཞིང་མཆིས་པ་ལས་སོ། །ཞེས་པ་ལྟ་བུའོ། །
|
འཚལ་ (3)
| Part of speech
|
བྱ་ཚིག
|
| Definition
|
བྱའམ་བགྱི་ཞེས་པ་དང་དོན་གཅིག་ཡིན་ཏེ།
|
| Type
|
བརྡ་རྙིང་།
|
| Transitive
|
བྱ་བྱེད་ཐ་མི་དད་པ།
|
| Future
|
[འཚལ།, ཕྱག་འཚལ་ལོ།]
|
| Present
|
[འཚལ།, གུས་ཕྱག་འཚལ་བཞིན་ལྷ་ལ་མཇལ།]
|
| Past
|
[འཚལ།, སྙིང་ནས་དད་པས་ཕྱག་འཚལ་ཏེ་ཞུ་བ་ཕུལ།]
|
| Imperative
|
[འཚོལ།, བླ་མ་ལ་ཕྱག་འཚོལ་ལྟ་བུ།]
|
འཚལ་ (4)
| Part of speech
|
བྱ་ཚིག
|
| Definition
|
འཆད་པའི་དོན་ཏེ། རྗེ་དྲུང་ལྷུན་གྲུབ་བློ་ལྡན་གྱིད་མཛད་པའི་བརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་ཉེར་མཁོ་ལས། འཚལ་བ་ཞེན་པའམ་འཆད་པ་དང༌། །ཞེས་གསུངས།
|
| Type
|
བརྡ་རྙིང་།
|
འཚལ་ (5)
| Part of speech
|
བྱ་ཚིག
|
| Definition
|
ཞེན་པའི་དོན་ཏེ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད་ལས། འཚལ་ནི་ཞེན་ལ་འཆུམས་ནི་ཆགས། །ཞེས་གསུངས།
|
| Type
|
བརྡ་རྙིང་།
|