69303

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཚེངས་པ་གསུམ་ (1)
Part of speech མིང་ཚིག
Definition སྔགས། མཧཱཡོག རྙིང་མ། གསང་སྔགས་རྡོ་རྗེ་ཐེག་པའི་དགོངས་སྤྱོད་ཟབ་མོ་གྲུབ་ཅིང་། འཇིགས་མེད་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ལ་སྤྱོད་པའི་རྣལ་འབྱོར་པས། དགྲ་བགེགས་སྒྲོལ་བའི་སྐབས་ནས་བསྟན་པའི་འཚེངས་པ་གསུམ་སྟེ། བཀའ་བརྒྱད་རྣམ་བཤད་ལས། ཕ་རོལ་ཀྱི་ཚེ་བསོད་རང་ལ་ཁུག་པས་བདག་རྣལ་འབྱོར་པ་འཚེངས་པ་དང༌། དགྲ་བགེགས་ཀྱི་ཤ་ཁྲག་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པས་བཀའ་སྡོད་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་འཚེངས་པ་དང༌། ཕ་རོལ་དགྲ་བགེགས་ཀྱི་ལས་ངན་རྒྱུན་ཆོད་ནས་བདེ་བར་གཤེགས་པའི་སྲས་སུ་གྱུར་པས་གཟས་པ་པོ་འཚེངས་པ་སྟེ། འཚེངས་པ་གསུམ་དང་ལྡན། ཞེས་གསུངས།
Domain ལྟ་གྲུབ།

{{#arraymap:འཚེངས་པ་གསུམ་

|; |@@@ | | }}