69361

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཚོ་བྱེད་གཞོན་ནུ་ (1)
Part of speech མིང་ཚིག
Definition སངས་རྒྱས་ཤཱཀྱ་མུ་ནེ་ཞལ་བཞུགས་དུས་ཀྱི་སྨན་པ་ཞིག་གི་མིང་སྟེ། འདུལ་བ་ལུང་ལས་གསུངས་པ་ལྟར་ན། འདི་ཉིད་རྒྱ་གར་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་སུ་སྐུ་འཁྲུངས། རང་གི་ཕུ་བོ་གཞོན་ནུ་འཇིགས་མེད་ཀྱིས་གསོས་ཏེ་སྐུ་སྐྱེད་བསྲིང་བས་གཞོན་ནུ་གསོས་ཞེས་མཚན་གྲགས། ཚེར་ཆེར་སོན་པ་དང༌། གྲོང་ཁྱེར་རྡོ་འཇོག་ཏུ་དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་བསྟེན་ནས་གསོ་རིག་རྒྱ་མཚོའི་ཕ་མཐར་ཐར་ཕྱིན་པར་གསན་པས་སྨན་པའི་རྒྱལ་པོ་རུ་ལན་གསུམ་དུ་དབང་བསྐུར། རྣམ་འདྲེན་བཞི་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུའི་བླ་སྨན་པ་ཆེན་པོ་མཛད། དགུང་ལོ་དགུ་བཅུ་ལྷག་ཙམ་ལ་འདས་པར་གྲགས་སོ། །

{{#arraymap:འཚོ་བྱེད་གཞོན་ནུ་

|; |@@@ | | }}