69362

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཚོ་བྱེད་རྡོ་རྗེ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་སྨད་དུ་སྙེ་མོ་ཁུལ་དུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་དང་ཐ་སྙད་རིག་གནས་ལ་མཁས་པར་སྦྱངས། དབུས་ཀྱི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས། ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ་ཡུན་རིང་བསྟེན། གསོ་བ་རིག་པའི་གཞུང་ལུགས་རབ་འབྱམས་ལ་ལེགས་པར་སྦྱངས། དགེ་རྒན་དེ་སྐུ་གཤེགས་ཁར་སྨན་ཁུག་དང་། སྨན་དཔེ་བཅས་གནང་། འབྲུག་པ་རྒྱལ་པོས་གདན་འདྲེན་ལྟར་འབྲུག་ཡུལ་དུ་ཕེབས། འབྲུག་པ་རྒྱལ་པོའི་ནད་གཞི་འཇོམས་པར་མཛད། ཊམ་དཀར་སོགས་འབུལ་བ་མང་པོ་བསྣམས་ནས་ལྷ་སར་ཕེབས། ཙ་རི་རོང་བསྐོར་ཕེབས་སྐབས་གློ་པ་ཞིག་ནད་གཞི་བཅོས་ཏེ་དུག་སྦྲུལ་ཀླད་ཏིག་ཅེས་པ་ཡོན་དུ་ཕུལ། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་དང་། ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་འབུམ་དཔར་དུ་བཞེངས་པའི་སྦྱིན་བདག་མཛད། དཔར་ཤིང་ལ་ཞུས་དག་བཅས་གནང་། བྲག་ཡེར་པར་སྒོམ་སྒྲུབ་ཉམས་ལེན་ལ་བརྩོན། རེ་དྲུག་པ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་མཁས་དབང་མཁྱེན་རབ་ནོར་བུ་དང་། ཕ་དཀོན་མཆོག་འོད་ཟེར་གཉིས་ཡིན།

{{#arraymap:འཚོ་བྱེད་རྡོ་རྗེ་རྒྱལ་མཚན་

|; |@@@ | | }}