69425

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛབ་བསྟོད་གསལ་བའི་ཕྲེང་བ་ (1)
Part of speech མིང་ཚིག
Definition འཛབ་བསྟོད་གསལ་བའི་ཕྲེང་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། འཛབ་བསྟོད་གསལ་བའི་ཕྲེང་བ་འདི༔ ཨོ་རྒྱན་གསུང་ལས་བྱུང་བ་བཞིན༔ བདག་འདྲ་ནམ་མཁའི་སྙིང་པོ་ཡིས༔ དམྱལ་སྨད་དགེ་རིའི་བྲག་ཏུ་བཀོད༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་ཕྲད་པར་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས། ཕྱི་ལོ་ ༡༤༣༤ རབ་བྱུང་བདུན་པར་དམྱལ་སྨད་དགེ་རིའི་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། རང་ཉིད་ཡི་དམ་གྱི་ལྷ་དབང་ཆེན་ཡབ་ཡུམ་དུ་གསལ་བའི་ངང་ནས་ཡང་གསང་བླ་མའི་ཐུགས་སྒྲུབ་ཀྱི་འཛབ་དགོངས་དང་བསྟོད་སྐུལ་གྱི་སྒོ་ནས་དངོས་གྲུབ་རྣམ་གཉིས་སྒྲུབ་ཚུལ་བསྟན། མཚན་གཞན། ཐུགས་སྒྲུབ་ཡང་སྙིང་འདུས་པའི་འཛབ་བསྟོད་གསལ་བའི་ཕྲེང་བ་ཞེས་ཀྱང་བྱ།