69434
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། བོད་རྒྱལ་གཉའ་ཁྲི་དུས་སྐབས་སུ་ཡོད་པའི་མཁས་པ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ་དྲུག་སྟེ། དྲུག་ནི། རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། སྟག་གཟིག་གི་ལོ་ཙཱ་བ་མུ་ཙ་ཏྲ་ཧེ་སེ་དང། ཞང་ཞུང་ལ་ཁྲི་ཐོག་བར་ཙ་དང་། སུམ་པ་ལ་གྷུ་ཧི་ལི་སྤར་ལེགས་དང་། རྒྱ་གར་ལ་ལྷ་བདག་སྔགས་གྲོལ་དང་། རྒྱ་ནག་ལ་ལེགས་ཏང་རྨང་པོ་དང་། ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དྲུག་གིས། གཡུང་དྲུང་ལྷའི་སྐད་ལས། རང་རང་ཡུལ་དུ་སྐད་རིགས་སོ་སོར་བསྒྱུར། ཞེས་སོ། ། |
| Domain | ལོ་རྒྱུས། |