69438

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛམ་གླིང་རྒྱན་དྲུག་མཆོག་བརྒྱད་དེ་བཅུ་བཞི་ (1)
Part of speech མིང་ཚིག
Definition ༡ རྒྱན་དྲུག་ནི། ཀླུ་སྒྲུབ། ཐོགས་མེད། དབྱིག་གཉེན། ཕྱོགས་གླང༌། ཆོས་གྲགས། ཡོན་ཏན་འོད་ཅེས་ལུགས་གཅིག་ལ་སྣང་ངོ༌། །ཡང་ན། ཨཱརྱ་དེ་བ། དབྱིག་གཉེན། ཕྱོགས་གླང༌། ཆོས་གྲགས། ཡོན་ཏན་འོད། ཤཱཀྱ་འོད་དོ། ། ༢ མཆོག་བརྒྱད་ནི། ཟབ་མོ་ལྟ་བའི་རྒྱན་གྱུར་ཀླུ་སྒྲུབ་དང་ཨཱརྱ་དེ་བ་ཡབ་སྲས་གཉིས། རྒྱ་ཆེན་སྤྱོད་པའི་རྒྱན་གྱུར་ཕྱོགས་ཀྱི་གླང་པོ། དབྱིག་གཉེན་སྐུ་མཆེད་གཉིས། རྣམ་དག་རིག་པའི་རྒྱན་གྱུར་ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ་གཉིས། འདུལ་བ་བདུད་རྩིའི་རྒྱན་གྱུར་ཡོན་ཏན་འོད། ཤཱཀྱ་འོད་དང་གཉིས་བཅས་སོ། །
Domain ཆོས་ལུགས།

{{#arraymap:འཛམ་གླིང་རྒྱན་དྲུག་མཆོག་བརྒྱད་དེ་བཅུ་བཞི་

|; |@@@ | | }}