69479
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི། ཁམས་ལྷ་ཐོག་ཀེ་རེ་གོང་དུ། ཡབ་བན་ཆེན་ཚང་བུ་ཆུང་ཞེས་པའི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ནང་ཙམ་ལ་འཁྲུངས། གཞོན་ནུ་ནས་འཛི་སྒར་ཆོས་སྡེར་ཞུགས། གྲྭ་གསར་སྐབས། དྲེད་མོང་གཅིག་གྲི་འོག་ཏུ་ཤོར་བའི་རྐྱེན་གྱིས། དགོན་སྒྲིགས་ལས་བྱོལ། དབུས་སུ་ཅོག་གྲྭ་བདུན་པའི་ཞབས་དྲུང་དུ་བཅར་ནས། ཕྱག་ཆེན། ཆོས་དྲུག་སོགས་གདམས་ངག་མཐར་ཕྱིན་པ་མཛད་ཅིང༌། ཙ་རི་སོགས་དབུས་གཙང་གི་དབེན་གནས་སུ་ལོ་མང་པོར་སྒོམ་སྒྲུབ་དོས་དྲག་ལ་སྙུགས་རིང་བར་གནང་བས་ཉམས་རྟོགས་བཟང་པོ་འཁྲུངས། ཆོ་འཕྲུལ་དང་ངོ་མཚར་བའི་གཟིགས་སྣང་ཅི་ཡང་བྱུང༌། སླར་འཛི་སྒར་དུ་ཕེབས། དགོན་པའི་རྒྱབ་རིའི་ཞོལ་དུ། བྲག་ཕུག་ཐེབས་ཆག་ཞིག་ཡོད་པ་དེར་ལོ་མང་བཞུགས། འཛི་སྟོད་མཁའ་འགྲོ་གནམ་རྫོང་དུ་ལོ་གསུམ་ལ། འཕྲལ་དགོས་ཆོས་བཞི་དང་འབྲེལ་བའི་བསྐྱེད་རྫོགས་གི་ཉམས་ལེན་ལ་གཅིག་ཏུ་དྲིལ། གནས་ཀྱི་གཞི་བདག་རྣམས་མཇལ་དུ་ཡོང་བའི་གཟིགས་སྣང་དང༌། མི་མ་ཡིན་གྱིས་མཚན་ནས་འབོད་དེ་ནམ་ཚོད་འཛིན་པ་སོགས་ཅི་ཡང་བྱུང༌། ནང་དུ་ཉམས་རྟོགས་རྩལ་རྫོགས། གདུལ་བྱ་ལ་རྐྱེན་སེལ་བག་རེ་ཙམ་བྱས་པས། ཕན་ཐོགས་ཆེན་པོ་བྱུང་ནས་མཚན་སྙན་རྒྱས། འཛི་སྒར་བདུན་པའི་བཀའ་ནན་ལྟར། བྱང་འབྲོག་དང་མཚོ་སྔོན་པོའི་ཕྱོགས་སུ་ཕེབས། མཚོ་ལ་དར་ཆགས་པ་དང་བསྟུན་མཚོ་སྙིང་གི་རི་ལ་ཞག་འགར་བཞུགས་པས། གློ་བུར་དུ་དར་ཞིག་ནས་ཀུན་ཅི་བྱ་བྲལ་བའི་ཚེ། ནངས་པར་དར་ལམ་ལྭ་ཤར་བརྐྱང་པ་ལྟ་བུ་ཞིག་བྱུང་ནས་བྱོན་ཐུབ་པ་བྱུང༌། གྲུབ་ཐོབ་ཏུ་གྲགས་ཏེ་དད་འབུལ་དཔག་ཏུ་མེད་པ་བྱུང༌། དེར་ལོ་ཤས་འགོར་བའི་རིང་ལྷ་འདྲེ་མི་གསུམ་གྱི་བར་ཆད་དང་ཆོ་འཕྲུལ་ཆེ་ཡང་གནོད་པས་མ་ཚུགས་པར། བདེ་བར་འཛི་སྒར་དུ་ཕྱག་ཕེབས། རྙེད་པ་ཀུན་རྩིས་འབུལ་ལེགས་པར་ཞུས་ནས། རང་ཁྱིམ་དུ་མི་རྐྱང་རྟ་རྐྱང་མཛད་ནས་བྱོན། ཉག་བླ་བྱང་རྡོའི་མདུན་ནས་དགོངས་གཏེར་སྐོར་གྱི་དབང་ལུང་གསན། ཁོང་ཐུགས་མཉེས་ཏེ། འཛི་སྒར་ཚང་གི་དྲེད་མོང་གྲུབ་ཐོབ་ཅེས་ཆེས་བསྔགས་བརྗོད་གནང༌། མཁས་གྲུབ་རྫོང་རྒྱལ་ཆོས་དཔལ་ལས་ཀྱང་གདམས་པ་གསན། སྐུ་ཚེའི་སྨད་དུ་འཛི་སྒར་སྒྲུབ་དཔོན་མཛད་དེ། གདམས་ཟབ་རྣམས་སྨར་ཁྲིད་དུ་གནང་ཞིང༌། སློབ་མ་མང་པོ་རྗེས་སུ་བཟུང༌། རྗེ་འཛི་སྒར་བདུན་པ་སྐུ་གཤེགས་སྐབས། དབོན་བློ་གྲོས་ཀྱིས་ཡང་སྲིད་གར་ཕེབས་ནན་ཞུས་བྱས་པར། ལྷ་ཐོག་ཐ་ག་ཚང་སར་འཁྲུངས་འདུག ཕྱིས་རྒྱལ་དབང་ཀརྨ་པའི་གསུང་དང་ཇི་ལྟ་བ་བཞིན་དུ་གྱུར། ཐར་རྩེ་དགེ་སྐྱིད་ཚང་ལ་བུ་རྣ་ཡ་ཅུང་ཟད་རྡུམ་པ་ཞིག་འབྱུང་བར་ལུང་བསྟན་པས་ཇི་བཞིན་བྱུང་བ་སོགས་ལོ་རྒྱུས་མང༌། དགུང་ལོ་མཐོན་པོའི་བར་བསྟན་འགྲོའི་དོན་མཛད་དེ། དུས་འགྱུར་མ་བྱུང་བའི་སྔོན་གྱི་ལོ་བརྒྱད་དགུའི་སྐབས་ཙམ་ལ་འཛི་སྒར་སྒྲུབ་ཁང་དེ་ཉིད་དུ་ཞི་བར་གཤེགས་སོ། །སློབ་མ་ཡང༌། རྒྱལ་སྲས་པདྨ་དབང་དྲག་སྐུ་ཕྲེང་གསུམ་པ། སྒྲུབ་དཔོན་བླ་མ་བསྟན་འཛིན་རྒྱ་མཚོ། མཁན་ཆེན་བླ་མ་དགེ་ལེགས་རྒྱ་མཚོ། ཨ་བོ་དོན་བརྒྱུད། བླ་མ་ཨ་བསམ་སོགས་མང་ངོ༌། ། |
{{#arraymap:འཛི་སྒར་གྲུབ་དབང་དཔག་བསམ་རྒྱ་མཚོ་
|; |@@@ | | }}